ཚེས་བཞི་ཉིན། ལོ་ཧོས་ཉིན་གྱིས་བྱམས་བརྩེའི་ངང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་བྱ་བའི་རུ་ཁག་གི་ཁོངས་མིར་ཐུག་འཕྲད་བྱས།

ཚེས་བཞི་ཉིན། ལོ་ཧོས་ཉིན་གཅན་ཚ་ཐང་ཞང་བདེ་སྐྱིད་སྡེ་བའི་དཀའ་ཁག་ཅན་གྱི་ཁྱིམ་ཚང་དཀོན་མཆོག་ཚང་ལ་སོང་ནས། ཁོ་ཚང་གི་འཚོ་རྩྭ་སྐྱེས་ཚུལ་དང་ཕྱུགས་ཟོག་གསོ་ཁ་ནས་བུད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས།

ཚེས་བཞི་ཉིན། ལོ་ཧོས་ཉིན་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་སོང་ནས། དབུལ་སྐྱོར་བྱ་བའི་རུ་ཁག་གི་ཁོངས་མི་དང་མཉམ་དུ་ཟ་མ་ཟ་ཞོར་དུ། གནད་ཁེལ་ངོས་འཛིན་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།

ཚེས་བཞི་ཉིན། ལོ་ཧོས་ཉིན་བདེ་སྐྱིད་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་རྟ་མགྲིན་མཚོ་ཚང་ལ་སོང་ནས། ཁོ་མོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ལ་གྲ་སྒྲིག་བཟང་བོ་བྱེད་ཆེད། ཞིང་ཆེན་ཏང་ཨུས་ཞིང་ཆེན་དང་ཁུལ། རྫོང་། ཞང་བཅས་རིམ་པ་བཞིའི་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་སྟོང་གཉིས་ལྷག་ཟླ་བཅུ་གཉིས་པའི་ཟླ་སྟོད་དུ་ས་གནས་སོ་སོའི་རོགས་སྐྱོར་སྡེ་བར་སོང་ནས་རྟོག་ཞིབ་བྱ་བ་སྤེལ་བར་བཀོད་སྒྲིག་བྱས།

ཚེས་བཞི་ཉིན་གྱི་ཞོགས་པར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་རླངས་འཁོར་ལ་བསྡད་དེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ཆེས་དཀའ་ཁག་ཆེ་བའི་གཅན་ཚ་ཐང་ཞང་བདེ་སྐྱིད་སྡེ་བར་སོང་།

ཉིན་གུང་ལོ་ཧོས་ཉིན་དཀའ་ཁག་ཆེ་བའི་ཁྱིམ་ཚང་བསོད་ནམས་དོན་འགྲུབ་ཚང་ལ་སོང་ནས། ཁང་བའི་གནས་ཚུལ་དང་། ཟ་མ་འདང་མིན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད་ཁོ་ཚང་གི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས།

སྡེ་བ་དེའི་དབུལ་ཕོངས་ཁྱིམ་ཚང་དཀོན་མཆོག་ཚང་ལ་ཐོན་རྗེས། ལོ་ཧོས་ཉིན་གྱིས་འཚོ་རྩྭ་སྐྱེས་ཚུལ་དང་ཕྱུགས་ཟོག་གསོ་ཁ་ནས་བུད་པའི་གནས་ཚུལ་ཞིབ་འདྲི་བྱས།

ཉིན་གུང་གི་དུས་ཚོད་གཅིག་ཡས་མས་སུ། ལོ་ཧོས་ཉིན་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་སོང་ནས། དབུལ་སྐྱོར་བྱ་བའི་རུ་ཁག་གི་ཁོངས་མི་དང་། སྡེ་བའི་ལས་བྱེད་པ་དང་མཉམ་དུ་ཁ་བརྡ་བྱེད་ཞོར་དུ། དབུལ་སྐྱོར་བྱ་བའི་རུ་ཁག་གི་བྱ་བའི་འཕེལ་རིམ་གནས་ཚུལ་དང་སྡེ་བའི“སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི”བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས།

དྲོས་ཇའི་རྗེས་སུ། ལོ་ཧོས་ཉིན་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་བཅུ་ཡས་མས་སུ་ཐོན་ནས། མུ་མཐུད་དུ་དབུལ་ཕོངས་ཁྱིམ་ཚང་དཔལ་ལོ་དང་། སྐལ་བཟང་དོན་འགྲུབ། རྟ་མགྲིན་མཚོ། བསོད་ནམས་མཚོ་བཅས་ཀྱི་ཁྱིམ་དུ་སོང་ནས། ཁོ་ཚོར་ཡིད་ཆེད་ཇེ་བརྟན་དུ་བཏང་ནས། ཏང་དང་སྲིད་གཞུང་གི་རོགས་རམ་འོག རིམ་བཞིན་འཚོ་བ་ཇེ་བཟང་དུ་གཏོང་དགོས་ཞེས་བཤད། ལོ་ཧོས་ཉིན་གྱིས་བཤད་རྒྱུར། ངལ་རྩོལ་པ་མེད་པ་དང་། ཕྱུགས་ཟོག་ཉུང་བ། ཕྱུགས་སྤྱིལ་མེད་པའི་ཁྱིམ་ཚང་གིས་ཁྱིམ་མཚེས་ཕན་ཚུན་ལ་རོགས་སྐྱོར་བྱེད་པར་བརྟེན་ནས་ཕྱུགས་ལས་ཐོན་སྐྱེད་ཀྱི་བྱེད་ཐབས་སྤྱད་དེ་དབུལ་ཕོངས་ལས་ཐར་དགོས། བདག་མེད་ལོ་ལོན་བསོད་ནམས་མཚོ་ཡི་ཁྱིམ་ནས། ཁྱིམ་ཚང་དབུལ་བོ་ཡིན་པ་མཐོང་རྗེས། ལོ་ཧོས་ཉིན་གྱིས་ས་དེའི་དམངས་སྲིད་སྡེ་ཁག་ལ་བདག་མེད་ལོ་ལོན་ལ་བརྙན་འཕྲིན་དང་། གྱོན་ཆས། མལ་ཐུལ་སོགས་འཚོ་བའི་མཁོ་རྫས་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་པ་མ་ཟད། སྡེ་བའི་ལས་བྱེད་པ་དུས་རྒྱུན་དུ་ཡོང་ནས་བདག་མེད་ལོ་ལོན་རྣམས་ལ་བདག་སྐྱོང་བཟང་བོ་དང་ཁོ་ཚོའི་འཚོ་བ་ཐག་གཅོད་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

ལོ་ཧོས་ཉིན་སོགས་དགོང་མོ་དེར་ཞང་ཐོག་ཏུ་བསྡད་པ་དང་། ཚེས་ལྔ་ཉིན་གྱི་ཞོགས་པར་དགུན་ཁའི་གྲང་ངར་ལ་མ་འཛེམས་པར་ཡང་བསྐྱར་ལམ་ལ་ཆས་ཏེ་སྣང་ར་ཞང་གྱམ་པ་ནང་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལྷ་བརྟན་རྡོ་རྗེ་ཚང་དང་། དཀོན་མཆོག་ཐར་ཚང་། བན་དེ་ཚང་བཅས་སུ་སོང་བ་དང་། ལོ་ཧོས་ཉིན་གྱིས་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས།

རྟོག་ཞིབ་བྱེད་སྐབས། ལོ་ཧོས་ཉིན་གྱིས་བདེ་སྐྱིད་སྡེ་བ་དང་། གྱམ་པ་ནང་སྡེ་བའི་མང་ཚོགས་དང་མཉམ་དུ། སྡེ་བའི“སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི”མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་དབུལ་སྐྱོར་བྱ་བའི་རུ་ཁག་གི་ཁོངས་མི་དང་བྱམས་བརྩེའི་ངང་བཞུགས་མོལ་བྱས་ནས། ཚང་མར་ཀྲུང་དབྱང་དབུལ་སྐྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཇུས་ཆེན་ལ་གྲོས་བསྡུར་བྱས། ཚང་མས་གཏམ་བཤད་པར་ཉན་རྗེས། ཁོས་བསྟན་དོན། དབུལ་སྐྱོར་མཁྲེགས་གཏོར་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཁྲེགས་གཏོར་བྱེད་ས་དང་། དཀའ་ཚེགས་ཆེ་ལ། གཟི་བརྗིད་ལྡན་པའི་ལས་འགན་གལ་ཆེན་ཞིག་རེད། ས་གནས་སོ་སོས་སྐོར་དང་པོའི་རོགས་སྐྱོར་མཁྲེགས་གཏོར་གྱི་ལོ་རྒྱུས་གོ་སྐབས་འདི་དམ་འཛིན་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། མང་ཚོགས་ལ་བརྩེ་སེམས་བཅངས་པ། དམིགས་འབེན་དམ་འཛིན་བྱེད་པ། རྒྱུན་ཆད་མེད་པར་གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཞིབ་འཇུག་དང་ཐག་གཅོད་བྱས་ནས། དབུལ་སྐྱོར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་དགོས་ཟེར།

ལོ་ཧོས་ཉིན་གྱིས་བསྟན་དོན། “ཕྱོགས་གཉིས་ཀྱི་བྱ་བ་མཉམ་དུ་འཛིན་པའི”གནད་ཁེལ་ངོས་འཛིན་བྱ་བ་དེ་ལོ་མཇུག་ཏུ་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་དགོས། དེའི་རྨང་གཞིའི་སྟེང་ནས་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་མཁྲེགས་གཏོར་བྱེད་ཐབས་གཏན་ཁེལ་བྱེད་དགོས་ཟེར། ཁོས་ཐོན་སྐྱེད་འཕེལ་རྒྱས་དང་། ཞོར་ལས་ལ་འགྲོ་བ། སྐྱེ་ཁམས་ཁ་གསབ། རྒྱུ་ནོར་ཁེ་ཕན། ཡུལ་གཞན་དུ་གནས་སྤོར་བ། སློབ་གསོའི་གསོ་སྦྱོང་། སྤྱི་ཚོགས་འགན་སྲུང་། ནད་པ་ལྕི་མོར་རོགས་སྐྱོར་བྱེད་པ་བཅས་གནད་ཁེལ་དབུལ་སྐྱོར་ཐབས་ལམ་བརྒྱད་བཏོན།

ཁོས་ནན་གྱིས་བསྟན་དོན། དབུལ་སྐྱོར་བྱ་བའི་རུ་ཁག་དང་སྡེ་བའི་ལས་བྱེད་པ་རྣམས་དབུལ་སྐྱོར་མཁྲེགས་གཏོར་བྱེད་ཡུལ་དང་པོ་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཆབ་སྲིད་ཐད་ནས་སེམས་ཁུར་དང་། འཚོ་བའི་ཐད་ནས་དོ་ཁུར། བྱ་བའི་ཐད་ནས་རྒྱབ་སྐྱོར་བྱས་ནས། ཁོ་ཚོར་བྱ་བ་སྒྲུབ་པའི་ཆ་རྐྱེན་བཟང་བོ་སྐྲུན་དགོས་ཟེར། ཁོས་ཚང་མས་ཏང་དང་མང་ཚོགས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་སྤོབས་པ་ཆེན་པོ་དང་། དཀའ་སྤྱད་འབད་བརྩོན་གྱིས་རྒྱ་ཆེའི་སྡེ་དམངས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་བསྒྱུར་བྱས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།