ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གིས་རྒྱུན་ཆད་མེད་པར་འགྲོ་གྲོན་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་དམངས་འཚོའི་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བར་ཤུགས་སྣོན་ཆེད། ཟླ་བཅུ་གཅིག་པའི་ཟླ་མཇུག་བར་དུ་འབྲི་སྟོད་རྫོང་ཡོངས་ཀྱི་ནོར་སྲིད་ཀྱིས་དམངས་འཚོའི་འགྲོ་གྲོན་ཐད་སྒོར་དུང་ཕྱུར་བཞི་བཀོལ་སྤྱོད་བྱས་པ་དང་ནོར་སྲིད་ཀྱི་སྤྱིར་བཏང་གི་སྔོན་རྩིས་འགྲོ་གྲོན་གྱི་བརྒྱ་ཆའི་གྱ་དགུ་ཡིན།

འབྲི་ཆུའི་མགོ་ཁུངས་སུ་ཆགས་ཤིང་རང་བྱུང་ཆ་རྐྱེན་མི་བཟང་བའི་འབྲི་སྟོད་རྫོང་གིས་དམངས་འཚོ་གོ་གནས་གལ་ཆེན་དུ་བཞག་ནས་དེའི་ཐད་ལ་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་དྲུག་འབུམ་བཞི་ཁྲི་གཅིག་བཏང་ནས་ཤུགས་ཆེན་པོས་བྱིས་གཉོར་ཁང་དང་སློབ་གྲྭ་འབྲིང་ཆུང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། སྒོར་བྱེ་བ་གཉིས་དང་འབུམ་དྲུག་ཁྲི་ལྔ་བཏང་ནས་གོམ་གང་མདུན་སྤོས་གྱིས་གཞི་རིམ་སྨན་བཅོས་ལས་ཁུངས་ཚད་ལྡན་ཅན་དང་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་རིམ་བཞིན་གཞི་རིམ་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ནོར་སྲིད་ཁ་གསབ་ཚད་ལྡན་ཅན་དང་སྡེ་བའི་སྨན་བཅོས་ཁ་གསབ་མཐོར་འདེགས་སུ་བཏང་། སྒོར་དུང་ཕྱུར་གཅིག་བཏང་ནས་རྩྭ་ཐང་དང་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོབ་དང་ཞིང་སྡེའི་མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་དང་གནས་སྤོར། ཁོར་ཡུག་བཅོས་སྐྱོང་བྱེད་པ་སོགས་རྣམས་གྲངས་ལག་བསྟར་བྱས། མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བཞི་ཁྲི་གསུམ་བཏང་ནས་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་འཚོ་བའི་ཁ་གསབ་དང་ལྔ་སྐྱོང་ཁྱིམ་ཚང་གི་གཞི་རྩྭའི་འཚོ་བའི་ཆུ་ཚད་མཐོར་འདེགས་དང་རྒན་གསོ་དང་སྨན་བཅོས། ལས་ཤོར་འགན་སྲུང་སོགས་རྒྱ་བསྐྱེད། སྒོར་བྱེ་བ་གསུམ་དང་ས་ཡ་བརྒྱད་འབུམ་ལྔ་ཁྲི་བདུན་བཏང་ནས་ནུས་ཤུགས་ཡོད་རྒུས་རིགས་སོ་སོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་རོང་འབྲོག་ཕྱོགས་ཀྱི་ཉེན་ཁ་ཆེ་བའི་སྡོད་ཁང་བསྒྱུར་བཅོས་དང་མཁར་གྲོང་སྡོད་ཁང་འགན་སྲུང་མ་ལག་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།