ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། པེ་ཅིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་གཞི་འཆར་འགོད་ཐད་བསྡོམས་པས་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་གཉིས་ས་ཡ་གཉིས་བཏང་ནས། ལས་གཞི་ཉིས་བརྒྱ་དང་བཅུ་གཅིག་ལག་བསྟར་བྱས་པ་དང་། ལས་གཞི་དེ་ཁག་གི་ཁྲོད་དུ་དམངས་ཚིས་ལེགས་བསྒྱུར་དང་སྤྱི་བའི་ཞབས་ཞུ། རྨང་གཞིའི་སྒྲིག་ཆས། མཁར་གྲོང་སྡོད་ཁང་། ཁྱད་ཆོས་ཐོན་ལས། རིག་སྟོབས་ཐད་ཀྱི་རོགས་སྐྱོར། སྐྱེ་ཁམས་སྲུང་སྐྱོབ་བཅས་འདུ།

པེ་ཅིན་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བ་དེས། ཡུས་ཧྲུུའ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དེ་འཕེལ་རྒྱས་སུ་གཏོང་བའི་ཐད་སྟོབས་དང་ལྡན་པའི་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་དང་། ཁུལ་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་ཅུང་ཆེན་པོ་བྱུང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ཡུས་ཧྲུའུ་ཁུལ་ཡོངས་ཀྱི་ཞང་དང་གྲོང་བརྡལ་སོ་སོ་རུ་སྤྱི་ལེ་བཅུ་དྲུག་ཅན་གྱི་གཞུང་ལམ་བདུན་ལས་པ་དང་། ཟམ་པ་བཅུ་དགུ་གསར་དུ་ལས་བ་དང་ཞིག་གསོ་བྱས་ལ། ཆུ་འདོན་དང་བཙོག་ཆུ། ཆར་ཆུ་འདོན་བྱེད་སོགས་ཀྱི་ཆུ་སྦུགས་ཧ་ལམ་སྤྱི་ལེ་ཉིས་བརྒྱ་འཐེན་པ་དང་། རོང་འབྲོག་དམངས་དང་གྲོང་གསེབ་སྡོད་དམངས་ཀྱི་སྡོད་ཁང་ལྔ་བརྒྱ་དང་ཉེར་ལྔ་འཛུགས་སྐྲུན་བྱས་པ་མ་ཟད། ནང་ཆེན་རྫོང་མི་དམངས་སྨན་ཁང་སོགས་རྫོང་རིམ་པའི་སྨན་ཁང་གཉིས་དང་ཞང་དང་གྲོང་བརྡལ་རིམ་པའི་འཕྲོད་བསྟེན་ཁང་བཅུ་གཉིས་གསར་དུ་ལས་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་དང་ཆུ་དམར་ལེབ། ནང་ཆེན། རྫ་སྟོད་རྫོང་སོགས་ཀྱི་མི་འབུམ་གཅིག་དང་ཁྲི་གཅིག་ལྷག་གི་འཐུང་ཆུ་བདེ་འཇགས་གནད་དོན་དང་ཕྱུགས་ཟོག་ཁྲི་གསུམ་ལྷག་གི་འཐུང་ཆུའི་གནད་དོན་ཐག་བཅད་ལ། གྲོང་གསེབ་དང་ས་མཐའི་འབྲོག་ཁྱིམ་དུ་ཉི་འོད་ནུས་པའི་གློག་སྟོང་གསུམ་དྲུག་བརྒྱ་དང་ལྔ་སྒྲིག་སྦྱོར་བྱས་པ་དང་། སྡེ་བའི་གཞུང་ལམ་སྤྱི་ལེ་བཞི་བརྒྱ་དང་བཞི་བཅུ་ལྷག་གསར་དུ་ལས། རིག་སྟོབས་དང་ཤེས་ལྡན་མི་སྣའི་རོགས་སྐྱོར་ལས་གཞི་དྲུག་ཅུ་ལྷག་བཀོད་སྒྲིག་བྱས་ནས། ཏང་སྲིད་དང་གྲོང་ཁྱེར། སློབ་གསོ། འཕྲོད་བསྟེན་སོགས་ཕྱོགས་ཀྱི་ཤེས་ལྡན་མི་སྣ་སྟོང་གཉིས་དང་ཉིས་བརྒྱ་ལྷག་གསོ་སྦྱོང་བྱས་པ་དང་། རོང་འབྲོག་དམངས་ཀྱི་གོ་ཆོད་ལག་རྩལ་ཐད་ཀྱི་མི་སྣ་ཁྲི་གཅིག་དང་སྟོང་དྲུག་ལྷག་གསོ་སྦྱོང་བྱས་ལ། ཡུས་ཧྲུའུ་ཡི་མཐོ་འབྲིང་སློབ་མ་སྟོང་གཅིག་དང་ལྔ་བརྒྱ་ལྷག་དང་ལས་རིགས་འབྲིང་རིམ་ཆེད་སྦྱོང་སློབ་གྲྭའི་སློབ་མ་ཉིས་བརྒྱ་དང་ཞེ་ལྔ་བདེ་བླག་ངང་ས་གཞན་ནས་སློབ་ཞུགས་བྱེད་ཐུབ་པ་བྱུང་། མིག་སྔའི་བར་དུ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་ལས་གཞི་བསྡོམས་པས་བརྒྱ་དང་གྱ་གཉིས་ཡོངས་འགྲུབ་བྱས་ཟིན།

ལོ་ལྔའི་འཆར་གཞི་བཅུ་གཉིས་པ་རྒྱལ་ཁའི་ངང་མཇུག་བསྒྲིལ་པར་ཁག་ཐེག་བྱེད་ཆེད། ཁ་གཏད་རོགས་སྐྱོར་གྱི་བྱ་བ་དེ་མིག་སྔར་གཙོ་བོར་ཡོངས་འགྲུབ་མ་བྱས་པའི་ལས་གཞི་འཛུགས་སྐྲུན་ལྟ་སྐུལ་བྱེད་པའི་སྟེང་བཞག་ཡོད་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ལས་གཞིའི་ཐད་ནས། ལས་གཞི་འཛུགས་སྐྲུན་སྡེ་ཁག་གིས་ལས་གཞི་འཛུགས་སྐྲུན་བྱེད་ཚད་ཐད་ཀྱི་དོ་དམ་བྱ་བ་བཟང་བོར་བསྒྲུབ་པ་དང་། དུས་ཚོད་དམ་འཛིན་བྱས་ནས། ཉིས་སྟོང་བཅོ་ལྔ་ལོར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པ་དང་། ཡོངས་འགྲུབ་བྱས་ཟིན་པའི་ལས་གཞི་ཐད་ནས་ཡུས་ཧྲུའུ་ཁུལ་ཁ་གཏད་རོགས་སྐྱོར་གཞུང་སྒྲུབ་ཁང་གིས་དུས་ལྟར་པེ་ཅིན་མདུན་ཕྱོགས་བཀོད་འདོམས་པུའུ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག ལས་གཞི་དོ་དམ་ཀུང་ཟི་སོགས་དང་མཉམ་དུ་ལྟ་ཞིབ་ཚད་ལེན་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།