ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གནས་སྐབས་ཀྱི་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བརྡ་སྦྱོར་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནས་སྐབས་ཀྱི་རོགས་སྐྱོར་ལམ་ལུགས་ཀྱི་ནུས་པ་འདོན་སྤེལ་བྱེད་ཆེད། ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་རོགས་སྐྱོབ་བྱ་བར་ཤུགས་བསྣན་ནས་གནས་སྐབས་ཀྱི་རོགས་སྐྱོབ་ཚད་ལྡན་དུ་བསྒྱུར་བའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། གནས་སྐབས་ཀྱི་རོགས་སྐྱོར་བྱ་བའི་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་གནས་སྐབས་ཀྱི་རོགས་སྐྱོར་བྱ་བ་ཚན་རིག་དང་མཐུན་པ་དང་ཚད་དང་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བྱས།

བརྡ་སྦྱོར་ནང་ས་ཆ་སོ་སོའི་དམངས་སྲིད་སྡེ་ཁག་གིས་གནས་སྐབས་ཀྱི་རོགས་སྐྱོར་སྤེལ་སྐབས། གནས་སྐབས་ཀྱི་དམིགས་བསལ་རོགས་སྐྱོར་དཔེ་གཞིར་ཡིག་ཐོག་སྙན་ཞུ་བྱེད་དུས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་ནས་ཆོག་མཆན་བཀོད་པ་བརྒྱུད་དེ། འོས་འཚམ་སྒོས་རོགས་སྐྱོར་བྱེད་ཐངས་ཇེ་མང་དུ་བཏང་སྟེ་དཀའ་ཁག་དངོས་ཐག་གཅོད་བྱེད་ཆོག་པ་དང་། ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཕྱིར་བསྒྲགས་གོ་རིམ་ལྟར་དུ། གནས་སྐབས་ཀྱི་རོགས་སྐྱོར་ཐད་ཀྱི་ཞིབ་བཤེར་གཏན་འབེབས་དང་ཆོག་མཆན་འགོད་པ། ཕྱིར་སྒྲོག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཕྱིར་སྒྲོག་གི་ནང་དོན་དང་ཕྱིར་སྒྲོག་བྱེད་སྟངས། ཕྱིར་སྒྲོག་གི་དུས་བཀག་ཚད་ལྡན་དུ་གཏོང་དགོས། གནས་སྐབས་ཀྱི་རོགས་སྐྱོར་བྱེད་ཡུལ་གྱི་ཁོངས་གཏོགས་ས་ཁུལ་གྱི་དོ་དམ་དང་རོགས་སྐྱོར་དོན་བྱ། རོགས་སྐྱོར་བྱེད་སྟངས། རོགས་སྐྱོར་ཆུ་ཚད་སོགས་གཞིར་བཟུང་ནས་གནས་སྐབས་ཀྱི་རོགས་སྐྱོར་རྩིས་ཐོ་འཛུགས་པ་དང་། མཁར་གྲོང་གི་ཆེས་དམའ་བའི་འཚོ་བའི་འགན་སྲུང་གི་ཡིག་ཚགས་དོ་དམ་མ་དཔེ་གཞིར་བཟུང་ནས། གནས་སྐབས་ཀྱི་རོགས་སྐྱོར་བྱེད་ཡུལ་གྱི་སྙན་ཞུ་ཡི་གེ་དང་རོགས་སྐྱོར་སྙན་ཞུ་འབུལ་བའི་ཁྱིམ་ཚང་གི་གཞི་རྩིའི་ཆ་འཕྲིན། ཞང་དང་གྲོང་བརྡལ་སྲིད་གཞུང་ཁྱིམ་དུ་སོང་ནས་བརྟག་བཤེར་བྱེད་པ། རོགས་སྐྱོར་ཚད་གཞི་གཏན་ཁེལ་བྱེད་པ། དམངས་སྲིད་སྡེ་ཁག་གི་ཆོག་མཆན་འགོད་པ་སོགས་ཀྱི་གནས་ཚུལ་ཡིག་ཚགས་ནང་འཇོག་པའི་ཁྱབ་ཁོངས་སུ་བཞག་སྟེ། གནས་སྐབས་ཀྱི་རོགས་སྐྱོར་ཡིག་ཚགས་ཀྱི་དོ་དམ་བྱ་བ་ཚད་ལྡན་དུ་གཏོང་དགོས་བའི་རེ་བ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།