ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གནས་ཚུལ་གྱི་ཡར་ཞུར་ཉན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་གཙོ་ལའོ་ཧེ་ཉིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད་གལ་ཆེན་གནང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། འགོ་ཁྲིད་ཚན་ཆུང་གིས་ཚོགས་གཙོ་གཞོན་པ་ཧའོ་ཕིན་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་བྱེད་པར་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་གཏིང་ཟབ་མོས་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་སྤྱིའི་བླང་བྱར་གསལ་བོ་ཤེས་དགོས་ལ། གཙོ་གནད་འཛིན་པ་དང་གནད་དོན་ཐག་གཅོད་བྱེད་པ། ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་དགོས། མ་མཐུད་དུ“ཉུང་སར་གཙོ་འཛིན་པའི”བྱེད་ཐབས་སྤྱད་དེ་འགོ་ཁྲིད་ལས་བྱེད་པའི་ཁྲིམས་བརྩི་བ་དང་ཁྲིམས་སློབ་སྦྱོང་བྱེད་པ། ཁྲིམས་ལྟར་བྱ་བ་སྒྲུབ་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་དགོས་པ་དང་། སྔར་ལས་ལྷག་པར་སང་ལོའི་བྱ་བ་ཞིབ་འཇུག་དང་འཆར་འགོད་ལེགས་པོ་བཀོད་སྒྲིག་བྱས་པ་བརྒྱུད། 2020ལོར་ཐོན་དུས་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་དམིགས་འབེན་ལས་འགན་ལེགས་འགྲུབ་འབྱུང་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གྲོས་ཏང་ཙུ་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་ཞིང་ཆེན་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བ་སོགས་གྲོས་ཚོགས་ལ་ཞུགས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།