ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་ཤེས་གསལ་ལྟར་ན། ཉེ་ལམ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་2015ལོའི་རྒྱལ་ཁབ་ལུས་རྩལ་ཐོན་ལས་རྟེན་གཞི་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་རང་ཞིང་གི་མཚོ་སྔོན་པོ་སྐོར་བའི་རྒྱལ་ཁབ་ལུས་རྩལ་ཐོན་ལས་རྟེན་གཞི་གྲས་སུ་ཚུད། དེ་ལས་ཧེ་ཡན་དང་གུང་ཧོ། ཧོང་ཀྲུང་། ཧུའོ་ཀྲུའོ་ཧོར་རིགས་རང་སྐྱོང་རྫོང་སོགས་གཙོ་ཡིན་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་ཁབ་ལུས་རྩལ་ཐོན་ལས་རྟེན་གཞི་དངོས་སུ་ཆོག་མཆན་ཐོབ་པ་དང་། རང་ཞིང་གི་ལུས་རྩལ་བྱ་གཞག་འཕེལ་རྒྱས་སྐུལ་འདེད་བྱེད་པའི་རྣམ་གྲངས་གཙོ་གནད་ཞིག་ཏུ་གྱུར།

མཚོ་སྔོན་པོའི་ཉེ་འགྲམ་དུ་གྲངས་ཉུང་མི་རིགས་འཚོ་སྡོད་བྱས་ཡོད་པའི་ཁྱད་ཆོས་དང་དམངས་སྲོལ་ཁྱད་ཆོས་ལ་དམིགས་ཏེ། གཞི་རྒྱ་ཆེ་བའི་ལུས་རྩལ་ཁང་དུ་རིན་མི་དགོས་པ་དང་ཡན་ན་རིན་ཉུང་ཙམ་བསྡུ་བའི་བྱེད་ཐབས་སྤྱད་དེ། མ་མཐུད་དུ་དམངས་ཁྲོད་ཀྱི་ལུས་རྩལ་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་། དམངས་ཡོངས་ལུས་རྩལ་ནང་ཞུགས་པར་སྐུལ་འདེད་བཏང་བ་མ་ཟད། ལུས་རྩལ་ཁང་གི་བཀོལ་སྤྱོད་བྱེད་ཚད་ཀྱང་ཇེ་མང་དུ་སོང་།   ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།