ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་དང་པོས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ལ་སྐོར་ཞིབ་གནས་ཚུལ་བསྒྲགས། ཚན་གཙོ་ཧོང་ཡུག་ལེང་གིས་ཐུན་ཏེ་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་ཐར་ལ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཞིང་ཆེན་ཏང་ཨུའི“མི་ལྔའི་ཚན་ཆུང”གི་ཚོགས་ཐོག་ནས་བཤད་པའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། རྫོང་ཏང་ཨུའི་མགོ་ཁྲིད་ཚན་ཁག་ལ་སྐོར་ཞིབ་གནས་ཚུལ་བསྒྲགས། བློ་མཐུན་ཚེ་རིང་ཐར་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་གནས་ཚུལ་བསྒྲགས་པའི་ཚོགས་འདུར་ཞུགས།

ཧོང་ཡུག་ལེང་གིས་བསྟན་དོན། ཐུན་ཏེ་རྫོང་གིས་ནན་ཏན་སྒོས་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་ནན་མོ་བྱེད་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་དང་། དམངས་ཚིས་འགན་སྲུང་བྱ་བ་ཇེ་ལེགས་སུ་བཏང་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་བྱ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བླངས་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་གདེང་འཇོག་ཐོབ་ཚད་ཅུང་བཟང་མོད། ཡིན་ནའང་ད་རུང་གནད་དོན་ཁ་ཤས་གནས། གཅིག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཐད་ནས“འགན་འཁྲི་གཉིས”དངོས་འབེབས་བྱེད་པའི་བྱ་བ་དོན་ཐོག་ཏུ་འཁྱོལ་མེད་པ་དང་། མགོ་ཁྲིད་ཁ་ཤས་ཀྱི་གཉེན་མིས་ཁྲིམས་དང་འགལ་ནས་རྡོ་བཙག་ས་སྒྲུབ་པ་དང་། ལས་དོན་ལས་ཁུངས་ཁ་ཤས་ཀྱིས་མི་འདེམ་པ་དང་མི་བཀོལ་སྐབས་ཚད་ལྡན་མིན་པ་དང་ནོར་སྲིད་དོ་དམ་ཐད་ནས་ཀྱང་གཟབ་ནན་མིན་པ་སོགས་ཀྱི་གནད་དོན་གནས། གཉིས་ནས་ལས་བྱེད་པ་ཁ་ཤས་ཀྱིས་སྒེར་དོན་དུ་གཞུང་གི་རླངས་འཁོར་བཀོལ་བ་དང་། རྫོང་རིམ་པའི་ལས་བྱེད་པའི་གནས་སྐབས་ཀྱི་སྡོད་ཁང་དོ་དམ་བྱེད་པ་གཟབ་ནན་མིན་པ། ཁྲིམས་དང་འགལ་ནས་ཁ་གསབ་ཟླ་ཕོགས་སྟེར་བ་སོགས་ཀྱི་གནད་དོན་གནས། གསུམ་ནས་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ནས་བཟོ་སྐྲུན་རྒྱུ་སྤུས་ལ་ལྟ་སྐུལ་དོ་དམ་བྱེད་པ་མི་འདང་བ་དང་། ལས་གཞིའི་དེ་འགུགས་སུས་འཇོན་ཚད་གཞི་མིན་པ་སོགས་ཀྱི་གནད་དོན་གནས་ཟེར།

ཚེ་རིང་ཐར་གྱིས་བསྟན་དོན། སྐོར་ཞིབ་ཚན་ཆུང་གིས་བཏོན་པའི་བསམ་འཆར་ཕྱི་རོལ་ཡུལ་དང་མཐུན་ཞིང་། དྲང་བདེན་ཡིན་པ། དངོས་ཐོག་བདེན་འཚོལ་ཡིན་པ། ཐུན་ཏེ་རྫོང་གི་དོན་དངོས་དང་མཐུན་པས། ཐུན་ཏེ་རྫོང་དུ་གནས་པའི་འབུར་ཐོན་གནད་དོན་གསལ་བོར་བསྟན། ང་ཚོས་གནད་དོན་དང་བསམ་འཆར་གྲོས་གཞི་དེ་དག་དང་ལེན་བྱས་ནས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། དག་ཐེར་བཅོས་སྐྱོང་བྱ་བ་དམ་འཛིན་བྱེད་དགོས་པར་འདོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།