ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཟི་ལིང་ནས2015ལོའི་ཞིང་ཆེན་ཡོངས་ཀྱི་ཏང་ནང་གི་བསྡོམས་རྩིས་བྱ་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ། ཏང་ནང་གི་བསྡོམས་རྩིས་རེའུ་མིག་སྐོང་བའི་རེ་བའི་ཐད་ནས་འགྲེལ་བཤད་བྱས་པ་དང་། བསྡོམས་རྩིས་དབྱེ་ཞིབ་སྙན་ཞུ་འབྲི་ཐབས་མཚམས་སྦྱོར་བྱས་ལ། བསྡོམས་རྩིས་མཉེན་ཆས་བཟོ་བཀོད་པ་གདན་འདྲེན་བྱས་ནས་མཉེན་ཆས་བཀོལ་སྤྱོད་ཐད་ནས་ཡུལ་དངོས་དཔེ་སྟོན་བྱས། གྲོང་ཁྱེར་དང་ཁུལ་བརྒྱད་དང་། རྫོང་དང་གྲོང་ཁྱེར་དང་ཆུའུ་ཞེ་གསུམ་གྱི་ཏང་ཨུའི་རྩ་འཛུགས་པུའུ་དང་འབྲེལ་ཡོད་སྡེ་ཁག་གི་ཏང་ནང་གི་བསྡོམས་རྩིས་བྱ་བའི་འགན་ཁུར་བ་བརྒྱ་དང་སུམ་ཅུ་གསོ་སྦྱོང་ལ་ཞུགས།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་རྒུས་ཏང་ནང་གི་བསྡོམས་རྩིས་བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་སྤེལ་བ་དང་། ཧུར་ཐག་གིས་བསྡོམས་རྩིས་བྱ་བའི་རྒྱུ་སྤུས་མཐོར་འདེགས་བྱེད་པ། བསྡོམས་རྩིས་བྱ་བའི་ཆ་འཕྲིན་དང་བློ་འདྲི། ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཏང་གི་འཛུགས་སྐྲུན་དང་རྩ་འཛུགས་བྱ་བའི་ཐད་རྒྱུ་སྤུས་སྔར་ལས་བཟང་བ་དང་ཕན་འབྲས་སྔར་ལས་མཐོ་བའི་བསྡོམས་རྩིས་ཞབས་ཞུ་འདོན་སྤྲོད་བྱས།

གསོ་སྦྱོང་ཁྲོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འབྲེལ་ཡོད་འགན་ཁུར་བས། བསྡོམས་རྩིས་བྱ་བ་གཉེར་བཞིན་པའི་བློ་མཐུན་ཚོའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། བྱ་བ་སྣ་ཚོགས་ནན་ཏན་དང་གཟབ་ནན་སྒོས་ལེགས་འགྲུབ་བྱེད་དགོས་བ་དང་། རེའུ་མིག་སྟེང་སྐོང་བའི་གཞི་གྲངས་ལ་ཞིབ་རྩིས་གཏན་འབེབས་བྱེད་པ་དང་། རང་འགུལ་གྱིས་བསྡོམས་རྩིས་དང་དམངས་སྲིད། བཟོ་ཚོང་། ནོར་སྲིད་སོགས་སྡེ་ཁག་དང་འབྲེལ་ཡོད་གཞི་གྲངས་ཞིབ་བསྡུར་བྱས་ནས། ཏང་ནང་གི་བསྡོམས་རྩིས་བྱ་བ་སྟོབས་ཤུགས་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་དགོས། ཆ་འཕྲིན་འཚོལ་བསྡུ་དང་། གཞི་གྲངས་ནང་འཇུག ཕྱོགས་བསྡུས་བསྡོམས་རྩིས་བཅས་ཀྱི་འགག་སྒོ་དམ་སྲུང་བྱེད་པ་དང་། བྱ་བའི་ལམ་ལུགས་དང་ལག་ལེན་ཚད་གཞི་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཆ་འཕྲིན་གཞི་གྲངས་དྲང་བདེན་དང་ཡང་དག་ཡིད་རྟོན་རུང་བར་ཁག་ཐེག་བྱེད་དགོས། བསྡོམས་རྩིས་དང་ལས་སྒོ་གཉིས་འབྲེལ་འདྲིས་དམ་ཟབ་བྱས་ནས། བསྡོམས་རྩིས་དབྱེ་ཞིབ་བཟང་བོ་བྱེད་པ་དང་། གཞི་གྲངས་བརྒྱུད་དེ། ཏང་འཛུགས་བྱ་བའི་ཁྲོད་གནས་བའི་གནད་དོན་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ་དང་། ཧུར་ཐག་གིས་ཐག་གཅོད་བྱེད་ཐབས་དང་ཇུས་གཞིར་བསམ་གཞིག་བཏང་སྟེ། རིམ་པ་སོ་སོའི་ཏང་ཨུས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་ཆོད་བཟོ་བར་གཞི་གྲངས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་བ་བཅས་ཀྱི་རེ་བ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།