ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་གྱིས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བ་སྤེལ་བའི་གནས་ཚུལ་སྙན་ཞུར་ཉན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧའོ་ཕིན་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བསྡུས་པའི་ཚུན་ལ། ས་གནས་དང་སྡེ་ཁག ལས་ཁུངས་བཅས་ཀྱིས་ཀྲུང་དབྱང་གི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་པའི་དུས་མཚུངས་སུ། མགོ་ཁྲིད་རྩ་འཛུགས་ནུས་པ་ཇེ་དྲག་ཏུ་གཏོང་བ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་མགོ་ཁྲིད་ལས་ཁུངས་དང་འཁོར་སྐྱོད་ལམ་ལུགས་ཀྱི་སྒྲིག་གཞི་བདེ་ཐང་ཞིག་འཛུགས་པ། ཁྲིམས་འཛིན་ནུས་པ་སྔར་ལས་སྟོབས་ལྡན་དུ་བསྒྱུར་བ། ས་གནས་ཀྱི་ཁྲིམས་འཛུགས་བྱ་བར་ཤུགས་སྣོན་པ། ཁྲིམས་ལྟར་སྲིད་དབང་འཛིན་པར་ཡར་སྐུལ། ཁྲིམས་འཛིན་བཅོས་སྒྱུར་གྱི་བྱ་བ་གཏིང་ཟབ་དུ་སྤེལ་བ། དམངས་ཡོངས་ཀྱིས་ཁྲིམས་སྲུང་དགོས་པའི་ལས་སྒོ་ཡར་ལྡན་དུ་སྤེལ་བ། ཏང་གི་སྒྲིག་སྲོལ་དང་ཆོས་ཉིད་བརྩི་སྲུང་གི་བྱ་བ་མཐའ་འཁྱོང་བར་སྤེལ་བ། དབང་ཆར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་ལ་འབད་འབུངས་བྱེད་པ་བརྒྱུད། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་སྒོར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཅུང་བཟང་བོ་བླངས་པས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་བྱ་བར་ཁྲིམས་སྐྱོང་གི་འགན་ནུས་སྟོབས་དང་ལྡན་པ་ཞིག་ཡོད་པར་བྱས།

ཚོགས་ཐོག་ནས་ད་དུང་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གནས་བབ་ལ་དབྱེ་ཞིབ་གསལ་ཐག་ཆོད་པ་བྱས། གནས་བབ་གསར་བ་དང་འགན་འཁྲི་གསར་བར་ཁ་གཏད་གཞལ་བའི་ཐད་གནད་དོན་མི་ཉུང་བ་ཞིག་སྔར་བཞིན་གནས་ཡོད་དེ། ས་གནས་རང་བཞིན་གྱི་ཁྲིམས་གཏན་ལམ་ལུགས་འཐུས་ཚང་མིན་པ་དང་ལས་བྱེད་པའི་ཁྲིམས་ལྟར་ལས་དོན་སྒྲུབ་པའི་ནུས་པ་སྟོབས་ལྡན་མིན་པ་སོགས་རྒྱུན་འབྱམས་སུ་གནས་ཡོད་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བ་སྐུལ་སྤེལ་བྱེད་དགོས་ན། ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གི་བླང་བྱ་མ་ནོར་མ་འཆུག་པའི་སྒོ་ནས་མཐའ་འཁྱོལ་བར་སྤེལ་བ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་སྤྱིའི་བླང་བྱར་གོ་བ་ཡང་དག་བླངས་ཐོག གཙོ་གནད་འབུར་ཐོན་དང་ད་ཡོད་གནད་དོན་དངོས་ལ་འཇུག་བ། ཁྱོན་ཡོངས་ནས་སྤྱི་ཁོག་ལེགས་བཅོས་ལ་འབད་རྒྱུ་བཅས་ནི་གཙོ་བོ་ཡིན། དེ་མིན་ད་དུང་ཁྲིམས་སྲུང་དང་ཁྲིམས་སྐྱོང་སྐོར་གྱི་ཤེས་བྱ་དྲིལ་སྒྲོག་ཤུགས་ཆེན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་ཤེས་བྱའི་རྨང་གཞི་སྔར་ལས་ཇེ་བརྟན་ལ་གཏོང་བར་འབུངས་དགོས་པ་བསྟན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་མི་སྣ། ཞིང་ཆེན་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ཤིང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ལས་ཁུངས་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁག་གི་འགན་ཁུར་བློ་མཐུན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།