ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་དགུ་བའི་ཟླ་མཇུག་བར་དུ། མཚོ་སྔོན་རྒྱལ་ཁབ་མཐོ་གསར་ས་ཁུལ་ནས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་སྒོར་མོ་ཐེར་འབུམ་བརྒྱ་དང་དུང་ཕྱུར་གཉིས་བྱེ་བ་ལྔ་མངོན་འགྱུར་བྱས་ནས་དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་ཇེ་མང་དུ་སོང་། བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་མོ་ཐེར་འབུམ་ལྔ་དང་དུང་ཕྱུར་གསུམ་བྱེ་བ་ལྔ་ཡོངས་འགྲུབ་བྱས་ཤིང་། དུས་མཉམ་ལས་བརྒྱ་ཆའི་བཅུ་བདུན་ཇེ་མང་དུ་སོང་ཞིང་། མཐོ་གསར་བཟོ་ལས་དེ་རང་ཞིང་གི་དཔལ་འབྱོར་འཕར་ས་གསར་བའི་ཁྱད་སྟོབས་བཟང་བོ་ཞིག་ཏུ་གྱུར་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། མཐོ་གསར་ལག་རྩལ་གྱི་ཐོན་ལས་འཕེལ་རྒྱས་དང་སྐུལ་འདེད་གཏོང་ཆེད། ད་ལོའི་ཚུན་ལ། རང་ཞིང་གིས་མཐོ་གསར་ས་ཁུལ་གྱི་སྒྲིག་གཞིའི་ལམ་ལུགས་འཛུགས་སྐྲུན་བྱེད་པ་དེ་གནད་སར་བརྩིས་ནས། རྒྱུན་ཆད་མེད་པར་དོ་དམ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་སྟེགས་བུ་འཛུགས་པ། ཆེད་ལས་ཅན་གྱི་ཚན་རྩལ་ཞབས་ཞུའི་ལས་ཁུངས་དང་ཚན་རྩལ་དངུལ་ལོར་ཞབས་ཞུའི་མ་ལག་ནང་འདྲེན་བྱས་ནས། རྒྱལ་ཁབ་མཐོ་གསར་ས་ཁུལ་འཕེལ་རྒྱས་དང་སྐུལ་འདེད་བཏང་། ཤུགས་ཆེན་པོས་མཐོ་གསར་ལག་རྩལ་ཁེ་ལས་དང་།ཚན་རྩལ་ཅན་གྱི་ཁེ་ལས། གསར་སྐྲུན་ཅན་གྱི་ཁེ་ལས་བཅས་གནད་ས་ཡིན་པའི་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས། རྒྱུན་ཆད་མེད་པར་ཁེ་ལས་ཀྱི་རང་བདག་གསར་སྐྲུན་ནུས་པ་ཇེ་མཐོར་བཏང་བ་དང་། ཧུར་ཐག་སྒོས་མཐོ་གསར་ལག་རྩལ་ཁེ་ལས་དེ་རང་ཞིང་གི་དཔལ་འབྱོར་རྒྱུན་སྲིང་ངང་འཕར་སྣོན་གཏོང་བའི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་པའི་ཞོར་དུ། ད་རུང་ལས་སྐྲུན་འཕེལ་རྒྱས་ཀྱི་སྐྱེད་སྲིང་ཐེབས་རྩ་བཙུགས་ཏེ་ཕན་འབྲས་མངོན་གསལ་བླངས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།