ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་པའི་གནས་ཚུལ་ལྟར་ན། ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་བར་དུ། ཉིས་སྟོང་ལོའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཕང་འབྲས་འདེབས་འཛུགས་ར་བ་ནས་འཕང་འབྲས་ཡོངས་སུ་བཏོགས་ཚར་ལ། ཁྱོན་བསྡོམས་འཕང་འབྲས་ཏུན་འབུམ་གཅིག་དང་ཁྲི་བརྒྱད་སྟོང་ལྔ་ལྷག་བཏོགས་ཡོད་ཅིང་། དེས་ཡོང་འབབ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཅིག་ས་ཡ་བདུན་བསྐྲུན་ཡོད་ལ། ཆ་སྙོམས་མི་རེར་ཡོང་འབབ་སྒོར་སྟོང་དྲུག་དང་བརྒྱད་བརྒྱ་ལྷག་བཙལ་ཡོད།

རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། མཚོ་ནུབ་ཁུལ་གྱིས་མཚོ་སྔོན་གྱི་ཚྭ་འདམ་འཕང་འབྲས་ཚོང་རྫས་མིང་གྲགས་ཅན་གཉེར་བའི་བླང་བྱ་ལྟར། མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཕན་འབྲས་ལྡན་པའི་བྱེད་ཕྱོགས་སྣ་མང་སྤྱད་དེ། འཕང་འབྲས་ལས་དོན་རྒྱ་ཁྱབ་ཏུ་སྤེལ་བའི་ཐད་དྲིལ་སྒྲོག་ཤུགས་ཆེན་དང་སྣེ་སྟོན་བཟང་བོ་བྱས་མཐར། ཉིས་སྟོང་བཅོ་ལྔ་ལོར་ཁྱོན་བསྡོམས་ས་མུའུ་འབུམ་གསུམ་དང་ཁྲི་གཉིས་ལྷག་ལ་འཕང་འབྲས་འདེབས་འཛུགས་བྱས་ཡོད་ཅིང་། བསྡོམས་རྩིས་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་འཕང་འབྲས་འདེབས་འཛུགས་ར་བ་ན་ཁྱོན་བསྡོམས་འཕང་འབྲས་འཐོག་མཁན་ལས་བཟོ་བ་ཁྲི་བདུན་དང་སྟོང་དྲུག་ལྷག་ཡོད་པ་དང་། དེའི་ཁྲོད་མཚོ་ནུབ་ས་ཁུལ་གྱི་མི་ཁྲི་གཉིས་དང་སྟོང་དྲུག་ལྷག་ཡོད་ལ། མཚོ་ནུབ་ཁུལ་མ་ཡིན་པའི་ཞིང་ཆེན་ནང་ཁུལ་གྱི་འཕང་འབྲས་འཐོག་མཁན་ཁྲི་གཉིས་དང་སྟོང་དྲུག་ཡོད། ཞིང་ཆེན་གཞན་པའི་འཕང་འབྲས་འཐོག་མཁན་ཁྲི་གཉིས་དང་སྟོང་བཞི་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།