ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། དཔའ་ལུང་རྫོང་གིས་སློབ་གསོའི་ལས་དོན་ཐད་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་བཏང་ཡོད་ཅིང་། མིག་སྔའི་བར་དུ། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བདུན་ས་ཡ་གསུམ་ལྷག་ལུས་མེད་པར་སློབ་གསོའི་ལས་དོན་ཐད་བཏང་ཚར། དེས་དཔའ་ལུང་རྫོང་གི་སློབ་སྒྲུབ་ཆ་རྐྱེན་ཇེ་བཟང་དང་སློབ་སྒྲུབ་ཁོར་ཡུག་འཆམ་མཐུན་མཉམ་གནས་ཡོང་བར་ནུས་པ་བཟང་བོ་ཐོན།
རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། དཔའ་ལུང་རྫོང་གིས་ཕལ་ཆེར་གཉིས་ཀྱི་གྲུབ་འབྲས་ཟམ་མ་ཆད་པའི་སྒོ་ནས་ཇེ་བརྟན་ཡོང་བར་འབད་འབུངས་ཧུར་བསྐྱེད་བྱས་ཡོད། མིག་སྔར། བྱིས་པ་སློབ་གྲྭར་འགྲོ་ཚད་བརྒྱ་ཆའི་གོ་དགུ་གྲངས་ཆུང་དགུ་ལ་སླེབས་ཡོད་ཅིང་། སློབ་གསོའི་སློབ་ཁྲིད་སྤུས་ཀ་རྨང་རྐང་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བའི་སྒང་ཡིན་པར་མ་ཟད། སློབ་གྲྭ་ཁག་གི་སློབ་སྒྲུབ་ཆ་རྐྱེན་ཡང་མངོན་གསལ་སྒོས་ཇེ་ལེགས་ལ་སོང་ཡོད། ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་བདེ་སྡོད་སློབ་གྲྭ་འཛུགས་སྐྲུན་དང་ཚད་ལྡན་ཅན་གྱི་སློབ་སྒྲུབ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སློབ་ལོ་མ་རན་པའི་སྔོན་གྱི་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་སོགས་འཛུགས་སྐྲུན་ལས་སྒོ་གྱ་དྲུག་ལག་བསྟར་དངོས་འབེབས་བྱས་ཡོད་ཅིང་། དེར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་གསུམ་བཏང་ཚར། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
པར་རིས་གསར་འགྱུར།
ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་ཚོགས་འདུ་བསྡུས།
ཞི་ཅིན་ཕེན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཡོ་ཧན་ནེ་སི་པོ་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྐོར་ཞུགས་པར་མ་ཟད་ཤིས་ཚུལ་ཕུལ།
ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་ཁབ་ཚན་རྩལ་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
ཞི་ཅིན་ཕེན་གྱིས་ཅི་པོའུ་ཐིའི་ཙུང་ཐུང་ཀེ་ལེ་དང་ཀག་ནའི་ཙུང་ཐུང་མ་ཧ་མ། ཨན་ཀོ་ལའི་ཙུང་ཐུང་ཏོ་སི་སང་ཐོ་སི། མ་ལིའི་ཙུང་ཐུང་ཁེ་ཐ་བཅས་ལ་མཇལ་འཕྲད་གནང་།
བོད་ཁུལ་གསར་འགྱུར།
- བོད་ལྗོངས་ཀྱིས“བཅའ་ཁྲིམས་གཤམ་སྤེལ་བདུན”གྱི་བྱེད་སྒོ་སྤེལ་ནས་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས།
- མཚོ་སྔོན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་ཆ་འཕྲིན་སྐུལ་སློང་གཞུང་སྒྲུབ་ཁང་དངོས་སུ་བཙུགས།
- མཚོ་སྔོན་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་འབུམ་གཅིག་དང་ཁྲི་བཞི་ལ་ནད་གསོའི་ཞབས་ཞུ་འདོན་སྤྲོད་བྱས།
- བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།
- དབུལ་སྐྱོར་གནས་སྤར་ལས་དོན་ལ་སྐུལ་སྤེལ་གཏོང་བར་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས།
- ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དམངས་གླུ་འགྲན་སྡུར་གྱི་བྱ་འགུལ་སྤེལ།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《ཞང་སྡེའི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པའི་ལག་བསྟར་ཇུས་གཞི》དཔར་ནས་བཀྲམས།
- མཚོ་སྔོན་གྱི་ན་གཞོན་མི་རིགས་མཐུན་སྒྲིལ་ཡར་ཐོན་ཆེད་དོན་འཆད་ཁྲིད་བྱ་འགུལ་མཚོ་ལྷོ་ཁུལ་ནས་སྤེལ།