ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་གྱི་རྒྱལ་སྲུང་ཆ་འཕྲིན་སྐུལ་སློང་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་ཆེད། ཚེས་གསུམ་ཉིན་མཚོ་སྔོན་ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་ཆ་འཕྲིན་སྐུལ་སློང་གཞུང་སྒྲུབ་ཁང་དེ་མཚོ་སྔོན་ཞིང་ཆེན་འཕྲིན་གཏོང་དོ་དམ་ཅུའུ་ནས་བཙུགས་ཏེ་སྒོ་བྱང་བཀལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ལིང་སུན་ཧྲན་བྱ་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པ་མ་ཟད་གཏམ་བཤད།

 ལིས་སུན་ཧྲན་གྱིས་མཚོ་སྔོན་གྱི་ཆ་འཕྲིན་འཕྲིན་གཏོང་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་བྱ་བར་བླངས་པའི་གྲུབ་འབྲས་ལ་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་བྱས། ཁོས་བསྟན་དོན། རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཆ་འཕྲིན་སྐུལ་སློང་གཞུང་སྒྲུབ་ཁང་བཙུགས་པ་ནི་རྒྱལ་ཁབ་ཀྱིས་ཕྱོགས་སོ་སོའི་ཆ་འཕྲིན་སྟོབས་ཤུགས་སྐུལ་སློང་བྱས་ནས་རྒྱལ་སྲུང་ནུས་པ་ཇེ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། མཚོ་སྔོན་གྱི་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་གྱི་རྒྱལ་སྲུང་སྐུལ་སློང་རོགས་སྐྱོར་འགན་སྲུང་ནུས་པ་ཇེ་ཆེར་བཏང་ནས། ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་ཏུ་འཐབ་འཁྲུག་བཀོད་སྒྲིག་དང་། གློ་བུར་དུ་བྱུང་བའི་དོན་རྐྱེན་དང་རང་བྱུང་གནོད་འཚེ་ལ་ཁ་གཏད་འཇལ་བར་ཁག་ཐེག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།

ལིས་སུན་ཧྲན་གྱིས་ནན་གྱིས་བསྟན་དོན། «རྒྱལ་སྲུང་སྐུལ་སློང་བཅའ་ཁྲིམས»སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་བྱ་བའི་བྱེད་ཐབས་ལྟར། ཆ་འཕྲིན་སྐུལ་སློང་སྒྲིག་སྲོལ་ལམ་ལུགས་བཙུགས་ཏེ་འཐུས་ཚང་དུ་གཏོང་དགོས་པ་དང་། རྒྱལ་སྲུང་ཆ་འཕྲིན་སྐུལ་སློང་བྱ་བའི་ཚད་གཞིའི་འཁོར་སྐྱོད་བྱ་བར་ཁག་ཐེག་བྱེད་པ། དུས་གཏན་ཁེལ་བྱས་ནས་རྒྱལ་སྲུང་ཆ་འཕྲིན་སྐུལ་སློང་བྱ་བའི་སྦས་ཤུགས་གྲགས་ཀར་ཞིབ་བཤེར་སྡོམ་རྩིས་བྱེད་པ། ཆ་འཕྲིན་ཅན་གྱི་དངོས་རྫས་དང་ཡོ་བྱད་གསོག་འཇོག་དང་གྲ་སྒྲིག་བྱ་བར་འགན་སྲུང་བྱེད་པ་དང་། རྒྱུན་སྲིང་གི་ཆ་འཕྲིན་སྐུལ་སློང་དགོས་མཁོ་བསྐོང་བ། རྒྱལ་སྲུང་ཆ་འཕྲིན་སྐུལ་སློང་རུ་ཁག་གི་སྦྱོང་བརྡར་དང་། འཁྲབ་སྦྱོང་བྱ་བ་རྩ་འཛུགས་བྱས་ནས། བྱེད་སྒོའི་བྱང་ཚད་མཐོ་ཞིང་། མྱུར་བའི་ཆ་འཕྲིན་སྐུལ་སློང་ཆེད་ལས་དཔུང་སྡེ་ཞིག་འཛུགས་དགོས་པའི་ཞོར་དུ། མཚོ་སྔོན་གྱི་ཆ་འཕྲིན་སྐུལ་སློང་བྱ་བའི་གསར་སྐྲུན་འཕེལ་རྒྱས་བྱ་བ་འཚོལ་ཞིབ་བྱེད་པ་དང་། དམག་དམངས་ལག་རྩལ་མཉམ་སྤྱོད་བྱ་བ་མངོན་འགྱུར་བྱས་ཏེ། རྒྱུན་ཆད་མེད་པར་རྒྱལ་སྲུང་ཆ་འཕྲིན་སྐུལ་སློང་གི་སྣ་མང་ཅན་གྱི་སྐུལ་སློང་ལས་འགན་གྱི་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།