ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ལུས་གསོ་བྱ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་བཏང་སྟེ། བསྡོམས་པས་དབང་བོ་སྐྱོན་ཅན་འབུམ་གཅིག་དང་ཁྲི་བཞི་ལྷག་ལ་ནད་གསོའི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་། དབང་བོ་སྐྱོན་ཅན་གྱི་ནད་གསོའི་གནས་ཚུལ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་ལུས་གསོའི་ཐད་ཀྱི་གྲོན་དངུལ་བསྡོམས་པས་བྱེ་བ་དགུ་དང་ས་ཡ་དགུ་ཁྲི་ལྔ་བཏང་ནས། སྔ་གཞུག་ཏུ་རྣའི་མི་གོ་བ་དང་ཀླད་འཁུམས། རྐང་ལག་ནད་པ་ཡིན་པ་སོགས་ཀྱི་དབང་བོ་སྐྱོན་ཅན་ཚོར་སྨན་བཅོས་ནད་གསོ་དང་ནད་གསོ་རོགས་འདེགས་ཡོ་བྱད་སོགས་ཕྱོགས་ཀྱི་ནད་གསོ་ཞབས་ཞུ་འདོན་སྤྲོད་བྱས།

དབང་བོ་སྐྱོན་ཅན་གྱི་ནད་གསོའི་གྲོན་དངུལ་སྟེར་བ་དང་ནད་གསོ་རོགས་འདེགས་ཡོ་བྱད་མཁོ་སྤྲོད་བྱེད་ཚད། ལིང་ཏོག་གི་མིག་ནད་གཤགས་བཅོས་བྱེད་ཚད། སྨན་རིན་གཞུང་གི་སྟེར་བའི་ཐད་ཀྱི་བསྡུར་ཚད་སོགས་ཕྱོགས་ནས་ནུབ་རྒྱུད་ཀྱི་མདུན་གྲས་སུ་བསྐྱོད་བཞིན་ཡོད་པ་དང་། ཀྲུང་དབྱང་གི་ཆེད་སྤྱོད་རྒྱམ་ཤོག་སྤྱི་ཕན་དངུལ་གྱི་དབང་བོ་སྐྱོན་ཅན་གྱི་ནད་གསོ་ཐད་རྒྱབ་སྐྱོར་བྱེད་པ་དང་། མངག་གསོ་ལས་ཁུངས་ཀྱི་སྒྲིག་ཆས་ཉོ་སྒྲུབ་ཐད་ཀྱི་ཁ་གསབ་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཉིས་ཁྲི་བརྒྱད་བརྩོན་ལེན་བྱས་ནས། གཞི་རིམ་ནད་དོན་ལས་ཁུངས་བཅུ་བཞི་ལ་དབང་བོ་སྐྱོན་ཅན་གྱི་ནད་གསོ་སྒྲིག་ཆས་ཁ་གསབ་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་གཉིས་ཁྲི་བརྒྱད་བྱིན་པ་དང་། བོད་ཁུལ་གྱི་དབང་བོ་སྐྱོན་ཅན་མངག་གསོ་ལས་ཁུངས་སུམ་ཅུ་ལ་སྒྲིག་ཆས་ཁ་གསབ་གྲོན་དངུལ་སྒོར་ས་ཡ་དྲུག་བྱིན། ཞིང་ཆེན་ཡོངས་སུ་བསྡོམས་པས་གཞུང་བཙུགས་དང་དམངས་བཙུགས་ནད་གསོ་གཏན་ཁེལ་ལས་ཁུངས་ཉེར་བརྒྱད་བཙུགས་པ་དང་། སྤྱི་ཚོགས་རྩ་འཛུགས་དབང་བོ་སྐྱོན་ཅན་གྱི་ནད་གསོ་བྱ་བའི་ཁྲོད་ཞུགས་པའི་སྤོབས་པ་ཇེ་ཆེར་བཏང་སྟེ། ཞིང་ཆེན་ཡོངས་སུ་འཐུས་ཅུང་ཚང་བའི་དབང་བོ་སྐྱོན་ཅན་གྱི་ནད་གསོ་ཞབས་ཞུའི་དྲ་རྒྱ་བཙུགས།

དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལམ་བུ་རྒྱ་བསྐྱེད་དེ། དབང་བོ་སྐྱོན་ཅན་གྱི་ཕྱུག་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད། འདས་བའི་ལོ་ལྔའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་སྟོང་གཉིས་བརྒྱ་དང་ཞེ་གསུམ་ལ་ནད་གསོ་དབུལ་སྐྱོར་དངུལ་བུན་སྒོར་བྱེ་བ་བརྒྱད་དང་ས་ཡ་བཞི་འབུམ་བདུན་ཁྲི་བདུན་བསྐྱིས་ནས་གསོ་སྤེལ་དང་འདེབས་འཛུགས། ཟས་རིགས་ལས་སྣོན་སོགས་ལས་རིགས་འཕེལ་རྒྱས་སུ་གཏོང་དུ་བཅུག་སྟེ། དབང་བོ་སྐྱོན་ཅན་གྱི་ཐོན་སྐྱེད་འཚོ་བའི་གནས་བབ་ལེགས་བསྒྱུར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་དབང་བོ་སྐྱོན་ཅན་གྱི་ནད་གསོ་བྱ་བའི་ཐད་བསྡོམས་པས་སྒོར་དུང་ཕྱུར་བཏང་སྟེ། དབང་བོ་སྐྱོན་ཅན་འབུམ་གཉིས་དང་ཁྲི་བཞི་ལ་ནད་གསོ་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་དང་བསྡུར་ན་དངུལ་གཏོང་དང་ལས་འགན་ཕྱོགས་གཉིས་ཀའི་ཐད་ནས་ལྡབ་གཉིས་ཀྱིས་ཇེ་མང་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།