ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་དབྱི་ཏུང་ཀུང་ཟིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ནས་འོད་ཟེར་ཐབ་ཚང་དྲ་རྒྱའི་བརྙན་མིག་མ་ལག་ཐོག་མ་བཙུགས་པར་མ་ཟད་ཞིབ་བཤེར་རྩིས་ལེན་ཐོབ།

འོད་ཟེར་ཐབ་ཚང་ནི་མཚོ་སྔོན་དབྱི་ཏུང་ཀུང་ཟིས་མཉམ་འབྲེལ་དྲ་རྒྱའི་གྲངས་ཀའི་བརྙན་རིས་དང་དྲ་རྒྱའི་འཕྲིན་སྐྱེལ། མཉེན་ཆས། གཞི་གྲངས་མཛོད། རིག་ནུས་དབྱེ་ཞིབ་སོགས་ཀྱི་ལག་རྩལ་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། Gབཞིའི་བརྙན་རིས་བརྒྱུད་དེ་ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ཞབས་ཞུའི་སྡེ་ཁག་གི་ཡུལ་དངོས་མིན་པའི་གློག་རྡུལ་བརྙན་མིག་ལ་བལྟ་ཐུབ་པར་བྱས་པ་དང་། སྤྱི་བའི་ཟས་རིགས་ཁོར་ཡུག་ལ་ཁེབས་པའི་ཡུལ་དངོས་མིན་པའི་གློག་རྡུལ་ལྟ་སྐུལ་དོ་དམ་མ་ལག་བཙུགས། བཟའ་བཏུང་ལས་སྣོན་བྱེད་ས་དང་ཞབས་ཞུའི་ཐད་ཀྱི་བརྙན་རིས་ཆ་འཕྲིན་ཐོན་ཁུངས་འཚོལ་བསྡུ་བྱེད་པ་བརྒྱུད་དེ། བཟའ་བཏུང་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བའི་ཐད་མིག་གི་མཐོང་ཐུབ་པའི་ཆ་འཕྲིན་ཞབས་ཞུའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས། འོད་ཟེར་ཐབ་ཚང་གི་བདེ་འཇགས་ལ་ཁག་ཐེག་བྱས། ཐེངས་འདིར་འཛུགས་སྐྲུན་བྱས་པའི་ཡུས་ཧྲུའུ་གྲོང་ཁྱེར་གྱི་འོད་ཟེར་ཐབ་ཚང་དྲ་རྒྱའི་བརྙན་མིག་བཟོ་སྐྲུན་ནི། ཟས་རིགས་སྨན་རྫས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། སྤྱི་ཚོགས་དམངས་ཚིས་ལ་ཞབས་ཞུ་སྒྲུབ་པའི་བྱེད་ཐབས་གལ་ཆེན་ཡིན་ལ། དེས་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་མཐོར་འདེགས་དང་། ཕན་ནུས་ལྡན་པའི་སྒོ་ནས་བཟའ་བཏུང་ཚོང་གཉེར་སྡེ་ཁག་དང་རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན་ལ་འགན་སྲུང་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།