ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཤེས་གསལ་ལྟར་ན། ཟླ11པའི་ཚེས28ཉིན་བསྡུས་པའི་སྐབས་བཅུ་དྲུག་པའི་ཏོང་ཅིནFILMeXགློག་བརྙན་དུས་ཆེན་སྟེང་། མཚོ་སྔོན་གྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ》ལ་ཆེས་ལེགས་པའི་གློག་བརྙན་བྱ་དགའ་དང་དཔྱད་འདེམས་ཚོགས་པའི་བྱ་དགའ་གཉིས་ཐོབ་པ་མ་ཟད། འཇར་སྒོར་ཁྲི70ཡི་བྱ་དགའ་ཐོབ།

ཆེས་ལེགས་པའི་གློག་བརྙན་བྱ་དགའ་གནང་བའི་ཤིས་ཚིག་ཁྲོད་འདི་ལྟར་བཤད་རྒྱུར། གློག་བརྙན《ཐར་ལོ》ནང་ཐར་ལོ་ནི་རང་ཉིད་ཀྱི་ཐོབ་ཐང་འཚོལ་བཞིན་པའི་གཏམ་རྒྱུད་བྱུང་རིམ་བརྗོད་ཡོད་ལ། གཏམ་རྒྱུད་འདིས་མི་རྣམས་ཀྱི་ཡིད་དབང་བཀུག་པ་དང་དཔྱད་འདེམས་ཚོགས་པས་ཆེས་ལེགས་པའི་གློག་བརྙན་བྱ་དགའ《ཐར་ལོ》ལ་གནང་རྒྱུ་ཡིན་ཟེར། ཤེས་གསལ་ལྟར་ན། ཏོང་ཅིན་གྱི་གློག་བརྙན་དུས་ཆེན་སྟེང་བྱ་དགའ་ཐོབ་པ་ཐོག་མ་མིན་ལ། དེ་སྔོན་ཁོའི་གློག་བརྙན《ཁྱི་རྒན》2011ལོར་གློག་བརྙན་དུས་ཆེན་སྟེང་འགྲེམ་སྟོན་བྱས་པ་དང་འཇར་སྒོར་ཁྲི་བརྒྱ་ལྷག་གི་བྱ་དགའ་ཐོབ།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།