ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་གསར་འགྱུར་ལས་བྱེད་པའི་མཐུན་ཚོགས་གཉིས་མཉམ་འབྲེལ་བྱས་ཏེ་སྒྲུབ་པའི་ཞིང་ཆེན་ཡོངས་ཀྱི་སྐབས་གཉིས་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་བྱ་བའི་གསར་འགྱུར་ལེགས་པོ་དཔྱད་འདེམས་བྱེད་པར་བདམས་ཐོན་བྱུང་། ཞིང་ཆེན་གསར་འགྱུར་ལས་རིགས་སོ་སོ་ནས་བྱ་དགའ་ཐོབ་པའི་བརྩམས་ཆོས་ཁྲོད། ཨང་དང་པོ་བརྩམས་ཆོས་གསུམ་དང་ཨང་གཉིས་པ་ལྔ། ཨང་གསུམ་པ6། ཕུལ་བྱུང་བརྩམས་ཆོས12བཅས་ཐོབ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་བྱ་དགའ་ཐོབ་པའི་བརྩམས་ཆོས26ལས2013ལོའི་ཟླ6པ་ནས2015ལོའི་ཟླ6པའི་བར་ཞིང་ཆེན་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག་བུད་མེད་བྱིས་པའི་བྱ་གཞག་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་སོགས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་བུད་མེད་རྣམས“ཁ་ཕྱོགས་ལེགས་པོ་རྒྱུན་འཁྱོངས་བྱེད་པ་དང་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ནུས་ཤུགས་ཡོད་དགུ་བཏོན་ནས‘ཁུལ་གསུམ’གསར་སྐྲུན་བྱེད་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ”སོགས་འཐབ་ཇུས་ལས་འགན་སྒྲུབ་བཞིན་པའི་ཉམས་འགྱུར་སྟོན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།