ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“དཔལ་ཡོན་ཡིད་ཆེས་ཀྱི་སྒེར་གཉེར་ཁེ་ལས་དང་དཔལ་ཡོན་ཡིད་ཆེས་ཀྱི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཉེ་ལམ་ཟི་ལིང་ནས་བསྡུས། ཞིང་ཆེན་བཟོ་ཚོང་ཅུའུ་དང་། ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་། ཞིང་ཆེན་སྒེར་གཉེར་ཁེར་གཉེར་མཐུན་ཚོགས། གྲོང་ཁྱེར་དང་ཁུལ་སོ་སོའི་བཟོ་ཚོང་ཅུའུ། ཚོང་ར་ལྟ་སྐུལ་དོམ་དམ་ཅུའུ། སྒེར་གཉེར་ཁེར་གཉེར་ཁེ་ལས་སོགས་ཀྱི་འཐུས་མི་སུམ་བརྒྱ་ལྷག་གྲོས་ཚོགས་སུ་ཞུགས།

གཟེངས་བསྟོད་ཚོགས་ཐོག་ནས། ཉིས་སྟོང་བཅུ་བཞི་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་ཡོན་ཡིད་ཆེས་སྒེར་གཉེར་ཁེ་ལས་རེ་ལྔ་དང་། དཔལ་ཡོན་ཡིད་ཆེས་ཀྱི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གྱ་ལྔར་གཟེངས་བསྟོད་བྱས་པ་དང་། མུ་མཐུད་དུ་ཉིས་སྟོང་བཅུ་གསུམ་ལོའི་དཔལ་ཡོན་ཡིད་ཆེས་ཀྱི་སྒེར་གཉེར་ཁེ་ལས་ཞེ་དྲུག་དང་། ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་ཞེ་བཞི་ཁས་ལེན་བྱས། གཟེངས་བསྟོད་ཐོབ་པའི་དཔལ་ཡོན་ཡིད་ཆེས་ཀྱི་སྒེར་གཉེར་ཁེ་ལས་དང་དཔལ་ཡོན་ཡིད་ཆེས་ཀྱི་ཁེ་གཉེར་བཟོ་ཚོང་ཁྱིམ་ཚང་གི་འཐུས་མི་དང་བརྗེ་རེས་གཏམ་བཤད་སྤེལ།

བྱ་དགའ་ཐོབ་པའི་འཐུས་མིས་ཞིང་ཆེན་ཡོངས་ཀྱི་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དང་ཁེ་གཉེར་ཁེ་ལས་ལ་རྒྱལ་གཅེས་ཁྲིམས་སྲུང་གི་ཡིད་ཆེས་བཅངས་དགོས་པའི་གྲོས་འགོ་བཏོན་ཏེ། བཅའ་ཁྲིམས་ལྟར་ཚོང་གཉེར་བ་དང་། ཡིད་ཆེས་ཀྱིས་ཚོང་གཉེར་བ། དཔལ་ཡོན་གྱིས་ཚོང་གཉེར་བ། སྤོབས་པ་ཆེན་པོས་འགན་ཁུར་བ་སོགས་ཀྱི་ཐད་ནས་རྒྱ་ཆེའི་སྒེར་གཉེར་དང་ཁེར་གཉེར་ཚོང་བ་རྣམས་ཀྱིས་ལག་གདེང་སྦྲེལ་ཏེ་དཔལ་ཡོན་དང་འཆམ་མཐུན་གྱི་མཚོ་སྔོན་གསར་བ་སྐྲུན་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།