ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅོ་ལྔ་ལོ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ནས་ལོ་དྲུག་འགོར་བའི་ལོ་ཡིན་ལ། ཁྱོན་ཡོངས་ནས་རྒྱལ་ཁབ་ཕྱོགས་བསྡུས་སྨན་བཅོས་ཚོད་ལྟའི་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་ནས་ལག་བསྟར་བྱེད་པའི་ལོ་དང་པོ་རེད། རྒྱལ་ཁབ་ཀྱི་སྤྱིའི་རེ་བའི་བཀོད་སྒྲིག་འོག ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ཕྱོགས་བསྡུས་སྨན་བཅོས་བྱ་བ་གཅིག་གྱུར་གྱིས་བཀོད་འདོམས་བྱས་ནས། ཕྱོགས་བསྡུས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་། གནད་དོན་འབུར་དུ་ཐོན་པར་བྱེད་པ། ནང་རྐྱེན་གསར་སྐྲུན་དང་། སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། དམངས་ཕན་བྱེད་ཐབས་རེ་རེ་སྐུལ་འདེད་གཏོང་བ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་ཚོད་ལྟའི་བྱ་བ་བརྟན་འཇགས་ངང་སྤེལ་ཏེ་གྲུབ་འབྲས་མངོན་གསལ་བླངས་བ་དང་། ནད་སྟོན་དཀའ་བ་དང་། སྨན་རིན་དཀའ་བ། ནད་སྟོན་སའི་ས་ཐག་རིང་བ་བཅས་ཀྱི་གནད་དོན་ཐག་བཅད་དེ། རྒྱ་ཆེའི་མང་ཚོགས་ཀྱི་ནད་སྟོན་པར་སྔར་ལས་ཤུགས་སྣོན་དགོས་ཟེར།།

ད་ལོའི་ལོ་སྟོད་དུ་ཕྱོགས་བསྡུས་སྨན་བཅོས་ཚོད་ལྟའི་བྱ་བ་མགོ་བརྩམས་པ་དང་ལག་བསྟར་བྱས་པའི་ཚུན་ལ། ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་གཏིང་ཟབ་དུ་སྤེལ་བའི་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གིས་ཐེངས་མང་བོར་གྲོས་ཚོགས་བསྡུས་ནས། ཕྱོགས་བསྡུས་སྨན་བཅོས་ཚོད་ལྟའི་བྱ་བ་བཀོད་སྒྲིག་བྱས་པ་ལྟར། གཞུང་འཛུགས་སྨན་ཁང་བཅོས་སྒྱུར་དང་། སྨན་བཅོས་འགན་སྲུང་དངུལ་གཏོང་བྱེད་ཕྱོགས་བཅོས་སྒྱུར་བྱེད་པའི་ལས་འགན་གལ་ཆེན་གསུམ་དམ་འཛིན་བྱེད་དགོས་ཟེར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ཆད་མེད་པར་སྨན་བཅོས་སྲིད་ཇུས་ཀྱི་མཐོ་རིམ་ཇུས་འགོད་དང་ལམ་ལུགས་འཆར་གཞི་ཇེ་དྲག་ཏུ་བཏང་ནས། ད་ལྟའི་བར་དུ«མཚོ་སྔོན་ཞིང་ཆེན་གཞུང་འཛུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལག་བསྟར་ཇུས་གཞི» «རིམ་པ་བཞིན་དུ་སྨན་བཅོས་བྱེད་པའི་བྱ་བ་སྔར་ལས་དངོས་འབེབས་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར»«སྨན་བཅོས་འགན་སྲུང་གི་ཕྱོགས་བསྡུས་རང་བཞིན་གྱི་དངུལ་གཏོང་བྱེད་ཕྱོགས་བཅོས་སྒྱུར་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བརྡ་ཐོ»སོགས་ཆ་ཚང་ཡིག་ཆ་ཉེར་གཅིག་གཏན་ལ་ཕབ་ཅིང་། ཕྱོགས་བསྡུས་ཚོད་ལྟའི་བྱ་བ་བདེ་བླག་ངང་སྐུལ་འདེད་གཏོང་བར་སྲིད་ཇུས་ཀྱི་འགན་སྲུང་བྱ་བ་གལ་ཆེན་འདོན་སྤྲོད་བྱས། ཞིང་ཆེན་སྲིད་གཞུང་གིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་དང་མཉམ་དུ་ཕྱོགས་བསྡུས་སྨན་བཅོས་དམིགས་འབེན་འགན་ཁུར་ཡི་གེ་བཀོད་པ་དང་། ཞིང་ཆེན་སྨན་བཅོས་བཅོས་སྒྱུར་གཞུང་སྒྲུབ་ཁང་གིས་ཁོངས་མི་ལས་ཁུངས་སོ་སོས་སྨན་བཅོས་ལས་འགན་ཞིབ་རྒྱས་ངང་སྤེལ་བ་མ་ཟད། འགན་ཁུར་བྱ་བ་དང་། ཡོངས་འགྲུབ་བྱས་པའི་དུས་ཚོད་དང་བྱ་བའི་རེ་བ་གསལ་བོར་བྱས་ནས། སྨན་བཅོས་བཅོས་སྒྱུར་དམིགས་འབེན་ལས་འགན་བྱ་བ་ཇེ་མགྱོགས་དང་སྐུལ་འདེད་གཏོང་ཆེད། བྱ་བའི་སྐུལ་འདེད་ནང་རྐྱེན་དང་ལྟ་ཞིབ་ནང་རྐྱེན་འཐུས་ཚང་དུ་བཏང་། ད་ལྟའི་བར་དུ་ཞིང་ཆེན་ཡོངས་ཀྱི་ཕྱོགས་བདུན་ཐད་ཀྱི་བཅོས་སྒྱུར་ལས་འགན་སྤྱིར་བཏང་གི་བརྒྱ་ཆའི་གོ་བདུན་ཡོངས་འགྲུབ་བྱས་པ་མ་ཟད། ཁྱབ་ཁོངས་གལ་ཆེན་དང་གནད་འགག་གི་རྣམ་པ་འགའི་ཐད་ལ་གྲུབ་འབྲས་བླངས་ནས། ཉམས་དགའ་བའི་ཉམས་མྱོང་མི་ཉུང་བ་ཞིག་འདོན་སྤྲོད་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།