ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཉི་ཤུའི་རིང་། ཀོས་ནན་རྫོང་གིས་བྱེ་བཅོས་མུའུ་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཉིས་ཡོངས་འགྲུབ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་དགུ་བཏང་། ནགས་ཚལ་གྱི་ཁེབས་རྒྱ་བརྒྱ་ཆའི་གཉིས་གྲངས་ཆུང་དྲུག་ནས་བརྒྱ་ཆའི་བཅུ་བཞི་གྲངས་ཆུང་བརྒྱད་དུ་འཕར་བས་ནུས་ཡོད་སྒོས་ས་ཞིང་བྱེ་ཐང་དུ་འགྱུར་བའི་མྱུར་ཚད་ཚོད་འཛིན་བྱས་པ་དང་རྫོང་ཁུལ་གྱི་ས་ཆུ་ཤོར་བ་སྲུང་འཛིན་བྱས་ཏེ་བྱེ་ཐང་ཅན་དུ་འགྱུར་ཚད་ཇེ་ཉུང་དུ་འགྲོ་བའི་རྣམ་པ་གསར་བ་མངོན་པ་དང་སྐྱེ་ཁམས་ཁོར་ཡུག་ཁ་ཤས་མངོན་གསལ་གྱིས་ཇེ་ལེགས་སུ་སོང་།

ཀོས་ནན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་བྱེ་ཐང་ཅན་དུ་འགྱུར་བ་ཅུང་ཚབས་ཆེ་བའི་ས་ཁུལ་ཡིན་ལ་རྒྱལ་ཡོངས་ཀྱི་བྱེ་འགོག་དཔེ་སྟོན་གྱི་རྫོང་གཅིག་པུ་ཡང་ཡིན། རྫོང་ཡོངས་ཀྱི་བྱེ་ཐང་གི་རྒྱ་ཁྱོན་མུའུ་ས་ཡ་གསུམ་དང་འབུམ་བཞི་ཁྲི་གཉིས་ཡིན་པ་དང་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་སོ་བཞི་གྲངས་ཆུང་གཉིས་ཟིན་པ་དང་གཙོ་བོ་མུ་གེ་ཐང་དང་དེའི་མཐའ་འཁོར་ས་ཁུལ་དུ་ཁྱབ་ཡོད། གཅིག་དགུ་གོ་དྲུག་ནས་བཟུང་། ཀོས་ནན་རྫོང་གི་སྐབས་རིམ་བྱུང་གི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྐྱེ་ཁམས་རྫོང་འཛུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་ནས་མུ་གེ་ཐང་གི་སྐྱེ་ཁམས་བཅོས་སྒྱུར་བྱེད་པ་ལམ་ཐིག་གཙོ་བོར་འཛིན་པ་དང་མཚེའུ་གསུམ་དང་མཚོ་ཁུག་གཉིས་ཀྱི་བཞུར་རྒྱུན་ གཙོ་གནད་དུ་བཟུང་ནས་བྱེ་འགོག་བྱེ་བཅོས་ཀྱི་སྤྱིའི་བསམ་ཕྱོགས་སྲུང་འཛིན་བྱས་པ་དང་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་རིམ་པ་བཀར་ཏེ་ལག་བསྟར་བྱེད་པ། ཡུལ་བབ་དང་བསྟུན་པ། ཕྱོགས་བསྡུས་སྒོས་བཅོས་སྐྱོང་བྱེད་པ། ཕན་འབྲས་ལ་དོ་སྣང་བྱེད་པའི་སྤྱིའི་ཆ་རྐྱེན་གཞིར་བཟུང་ནས་རྒྱལ་ཁབ་ནགས་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པའི་རྣམ་གྲངས་དང་སྲིད་ཇུས་ལ་བརྟེན་ཏེ། རྒྱུན་ཆད་མེད་པར་བྱང་གསུམ་ནགས་ཚལ་སྲུང་སྐྱོབ་དང་བྱེ་འགོག་བྱེ་བཅོས། ཞིང་དོར་ནགས་སྤེལ། མཚོ་སྔོན་པོའི་འབབ་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་རྣམ་གྲངས་སོགས་ནགས་ལས་སྐྱེ་ཁམས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ཏེ་ནགས་ལས་གྱིས་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱས།

གོམ་གང་མདུན་སྤོས་སྒོས་བྱེ་འགོག་བྱེ་བཅོས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བྱེ་ཐང་ཅན་དུ་འཕེལ་ཚད་འགོག་བཅོས་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་མཉམ་རྒྱལ་ཡོང་བ་མངོན་འགྱུར་བྱེད་ཆེད་ཀོས་ནན་རྫོང་ནགས་ལས་སྡེ་ཁག་གིས་མིག་སྔར་མཚོ་སྔོན་ཀོས་ནན་བྱེ་སྣའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་འཛུགས་སྐྲུན་སོགས་ནགས་ལས་སྐྱེ་ཁམས་དང་སྐྱེ་ཁམས་སྲུང་སྐྱོབ་སོགས་རྣམ་གྲངས་བཅུ་དྲུག་ལག་བསྟར་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།