ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གོའི་ལོང་བའི་འཕུར་མཉེད་སློབ་ཚོགས་ཀྱིས་གཙོ་སྒྲུབ་དང་ཞིང་ཆེན་དབང་བོ་སྐྱོན་ཅན་གྱི་ངལ་རྩོལ་ལས་ཞུགས་ཞབས་ཞུ་ལྟེ་གནས་ཀྱིས་འགན་ཁུར་ནས་སྒྲུབ་པའི2015ལོའི་མཚོ་སྔོན་ཞིང་ཆེན་གྱི་ལོང་བའི་སྨན་བཅོས་འཕུར་མཉེད་མི་སྣའི་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྒྲུབས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ལོང་བའི་སྨན་བཅོས་འཕུར་མཉེད་པའི་ཐོབ་ཐང་འཛིན་ཡིག་བླངས་ཡོད་པའི་ལོང་བའི་འཕུར་མཉེད་མི་སྣ་དོན་གསུམ་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་ཁྲོད་པེ་ཅིན་ཀྲི་མིན་སྨན་ཁང་གི་འཕུར་མཉེད་ཚན་ཁག་གི་དགེ་རྒན་ལིག་ལིས་མེན་གདན་འདྲེན་བྱས་ནས། འཕུར་མཉེད་ཀྱི་ལག་རྩལ་དང་སྐེ་ཚིགས་ཀྱི་ནད་དང་སྒལ་ཚིགས། རྨས་སྐྱོན་ཚན་ཁག མོ་ནད་ཚན་ཁག་སོགས་ནད་རིགས་ཐད་ནས་འགྲེལ་བཤད་ཞིབ་མོ་བྱས།

ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པའི་གསོ་སྦྱོང་མི་སྣ་ཚོས་ལང་ལོང་གིས་བཤད་རྒྱུར། ཆེད་མཁས་པའི་འགྲེལ་བཤད་ཞིབ་མོ་བརྒྱུད་དེ། ཁོ་ཚོའི་རིམ་པ་སྔར་ལས་མཐོ་བའི་སྨན་བཅོས་འཕུར་མཉེད་ཐད་ཀྱི་རིགས་གཞུང་ཤེས་བྱར་སློབ་སྦྱོང་བྱས་པར་མ་ཟད། ལག་ལེན་དངོས་ཀྱི་ཆུ་ཚད་སྔར་ལས་མཐོར་འདེགས་བྱས་པ་དང་། རྗེས་ཕྱོགས་ད་དུང་གསོ་སྦྱོང་མང་པོར་ཞུགས་ནས། རང་སྟེང་གི་ཆེད་ལས་བྱང་ཚད་དང་ལས་སྒོའི་རྩལ་ནུས་ཆུ་ཚད་མཐོར་འདེགས་བྱས་ཏེ། ལོང་བའི་སྨན་བཅོས་འཕུར་མཉེད་ལས་དོན་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།