ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ན་གཞོན་དང་བླངས་པའི་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་ཞིང་བ་ཞོར་ལས་པའི་བྱིས་པ་དང་བྱིས་པ་དབང་བོ་སྐྱོན་ཅན་ལ་རྩེད་ཆས་སྟེར་བའི་སྤྱི་ཕན་བྱ་འགུལ་ཟི་ལིང་ནས་སྤེལ་བ་དང་། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ན་གཞོན་དང་བླངས་པ། སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ། སློབ་གྲྭ་དང་བྱིས་གཉོར་ཁང་གི་གྲོགས་པོ་ཆུང་ཆུང་བཅས་བསྡོམས་པས་མི་སྟོང་བཞི་ལྷག་བྱ་འགུལ་ལ་ཞུགས།

ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་དང་བླངས་ཞབས་ཞུ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་ལྡན་པའི་བརྩེ་སེམས་འགུལ་སྐྱོད་དང་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་འོད་ཟེར་འགུལ་སྐྱོད་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། ཏང་དང་སྤྱི་ཚོགས་ཀྱི་ཐུགས་ཁུར་ཞིང་སྡེ་དང་དབུལ་ཕོངས་ས་ཁུལ་གྱི་བྱིས་པའི་གམ་དུ་སྐྱེལ་བ་མ་ཟད། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ཞིང་བ་ཞོར་ལས་པའི་བྱིས་པ་དང་བྱིས་པ་དབང་བོ་སྐྱོན་ཅན་ལ་སེམས་ཁུར་བྱེད་པ་དང་། ཉམས་ཆུང་ཚོགས་ཁག་ལ་དོ་སྣང་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་རྒྱུ་དེ་རེད། བྱ་འགུལ་མགོ་བརྩམས་རྗེས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་དང་དང་བླངས་བའི་ཚོགས་ཁག སློབ་གྲྭ་དང་བྱིས་གཉོར་ཁང་གི་གྲོགས་པོ་ཆུང་ཆུང་། སྤྱི་ཚོགས་ལས་རིགས་སོ་སོའི་བརྩེ་སེམས་མི་སྣས་ཚུར་སྣང་ཆེན་པོ་ཐོབ་པ་དང་། བྱ་འགུལ་སྐབས་སུ་བསྡོམས་པས་ཞིང་ཆེན་ཕྱི་ནང་གི་ཞལ་འདེབས་སུ་ཕུལ་བའི་རྩེད་ཆས་ཁྲི་གཅིག་དང་སྟོང་ལྷག་འབྱོར་བ་དང་། བྱ་འགུལ་ཁྲོད་དུ་ཚོགས་ཞུགས་མགོ་ཁྲིད་ཚོས་དང་བླངས་པ་དང་མཉམ་དུ་ཡུལ་དངོས་སུ་རྩེད་ཆས་འབུལ་བའི་གྲོགས་པོ་ཆུང་ཆུང་ལྔ་བརྒྱ་ལྷག་ལ་རྗེས་དྲན་རྟགས་མ་དང་བཀའ་དྲིན་ཞུ་བའི་བྱང་བུ་བྱིན།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་ཞལ་འདེབས་ཕུལ་བའི་རྩེད་ཆས་དག་ཕེན་ཨན་དང་སྟོང་སྐོར། རྨ་ཆེན་སོགས་ས་ཆའི་སློབ་གྲྭ་ཡི་གྲོགས་པོ་ཆུང་ཆུང་ཚོར་སྟེར་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།