ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སོ་སོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གཉིས་ནས་ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་བརྡལ་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་ཐད་ཀྱི་གཞི་རིམ་དཔེ་མཚོན་སྐྱེད་བསྲིང་བྱེད་པའི་ཡུལ་དངོས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཀོང་རོང་གི་གཞི་རིམ་བདེ་འཇགས་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པའི་ཐད་ཀྱི་བཀའ་ཁྱབ་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་མ་ཟད། ནམ་ཡང་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་རྒྱུན་འཁྱོངས་བྱས་ནས། ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་བྱ་བ་དེ་སྔར་ལས་བཟང་བའི་སྒོ་ནས་ཁྲིམས་སྐྱོང་ཅན་གྱི་ལམ་བུར་འཇུག་པ་དང་། གནད་དོན་གལ་ཆེན་དང་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་བྱས་ཏེ། ཞིང་ཆེན་ཡངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཐོག་ནས་བསྟན་དོན། ལངས་གཟུགས་ཅན་གྱི་སྤྱི་ཚོགས་བདེ་འགོད་ཚོད་འགོག་མ་ལག་འཛུགས་རྒྱུ་ནི་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་བྱ་བའི་སྤྱིའི་དམིགས་འབེན་ཡིན་པས། གསར་སྐྲུན་སྒུལ་ཤུགས་སུ་བྱེད་པ་དང་། ཚོད་འགོག་དྲ་རྒྱ་འཐུས་ཚང་དུ་གཏོང་རྒྱུ་དེ་རྨང་གཞི་རུ་བྱེད་པ། ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་རྒྱུ་དེ་སྣེ་ཁྲིད་དུ་བྱེད་པ། གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་དེ་གནད་འགག་ཏུ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་གཅིག་གྱུར་སྒོས་འཛུགས་སྐྲུན་བྱས་ཏེ། སྤྱི་ཚོགས་བདེ་འགོད་ཚོད་འགོག་མ་ལག་བརྟན་པོ་འཛུགས་པ་དང་། དུས་ལྟར་སྤྱི་ཚོགས་གཏན་འཇགས་ལ་གནོད་བྱེད་པའི་ཉེན་ཁའི་གནད་དོན་ལ་ཚོད་འཛིན་དང་བཀག་འགོག་བྱེད་པ། སྟོབས་ཤུགས་ཡོད་རྒུས་སྤྱི་བའི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ། མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་གཏན་འཇགས་དང་སྒྲིག་ལམ་ཡོད་པ། ཞིང་ཆེན་ཡོངས་ཀྱི་ཡུན་སྐྱོང་བདེ་འགོད་ལ་ཁག་ཐེག་བྱེད་དགོས་ཟེར།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གཞི་གསུམ་འཛུགས་སྐྲུན་དང་ཞིང་སྡེ་གསར་བའི་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས། དྲ་མིག་ཅན་གྱི་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། སྤྱི་ཚོགས་བཅོས་སྐྱོང་སྔར་ལས་ཞིབ་ཚགས་ཅན་དུ་བསྒྱུར་བ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་པ། བདེ་འཇགས་ཕྲ་ཕུང་འཛུགས་སྐྲུན་བཟོ་སྐྲུན་ཐད་ནས་རྒྱུན་བསྲིང་བ་དང་རྒྱ་བསྐྱེད་པར་སྔར་ལས་སྐུལ་འདེད་བྱས་ནས། མུ་མཐུད་དུ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་སྤྱི་ཁོག་གི་ཆུ་ཚད་མཐོར་འདེགས་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
པར་རིས་གསར་འགྱུར།
མ་ཁཱ་འདེབས་འཛུགས་ལས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོད་པ།
ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཧུའུ་ཡའོ་པང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ལཱ་པ་ཉི་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་ཅི་ལུང་ཕོར་ཐོན་ནས་མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།
བོད་ཁུལ་གསར་འགྱུར།
- བོད་ལྗོངས་སུ་ཁྲོམ་རའི་བྱེད་པོ་ཁེ་ལས་ཁྲི14ལྷག་ཙམ་ཡོད་པ།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་འཆར་གཞི》ཞེས་པ་དཔར་ནས་བཀྲམས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་མཚོ་བྱང་སོགས་སུ་སོང་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།
- རང་ལྗོངས་ཀྱི་སྨན་བཅོས་ཚན་པས་གཞི་རིམ་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།
- བོད་སྐྱོང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པའི་རུ་དཔོན་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།
- སློབ་གསོ་ཚན་རྩལ་རིག་གནས་བཅས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བསམ་ཕྱོགས་ཞིབ་འཇུག་བཀོད་སྒྲིག་བྱས་པ།
- མ་ཁཱ་འདེབས་འཛུགས་ལས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོད་པ།
- ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཚན་པས་གློག་སྒུལ་སྦག་སྦག་གི་ཟང་ཟིང་སྣང་ཚུལ་ལ་བཅོས་སྒྲིག་བྱས་པ།