ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་དང་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚོ་སོ་སོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་དང་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ། མིན་ཧི་རྫོང་། རྨ་ལྷོ་བོད་རིགས་སྐྱོང་ཁུལ་གཅན་ཙ་རྫོང་བཅས་སུ་སོང་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའིའཆད་ཁྲིད་ཚོགས་པའི་ཚོགས་གཙོ་ཀའོ་ཡུན་ཕུའུ་ཡིས་མིན་ཡོན་རྫོང་དང་མིན་ཡོན་རྫོང་གི་ཞང་དང་གྲོང་རྡལ། རྫོང་ཐད་གཏོགས་སྡེ་ཁག་སོ་སོའི་མགོ་ཁྲིད་ལས་བྱེད་པར་སྙན་ཞུ་ཕུལ། སྙན་ཞུ་ཡིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགན་དུས་རིམ་གྱི་གནས་བབ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་མཛུབ་སྟོན་བསམ་བློ་དང་དམིགས་འབེན་གཙོ་བོ། གཞི་རྩའི་འདུ་ཤེས་ལ་རྒྱུས་ལོན་ཡང་དག་བྱེད་པ། ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པ། ཏང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་མགོ་ཁྲིད་ནུས་པ་མཐོར་འདེགས་བྱེད་པ་བཅས་ཕྱོགས་ལྔའི་ཐད་ནས་ཁྱོན་ཡོངས་དང་གཏིང་ཟབ་པ། འཐུས་ཚང་བའི་སྒོ་ནས་གསལ་བཤད་དང་འགྲེལ་ཀློག་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞི་ཧེ་མེན་གྱིས་ལི་ཏུའུ་ཆུའུ་ནས་སྙན་ཞུ་ཕུལ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་ཆུའུ་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཚང་མ་སྙན་ཞུ་ཚོགས་འདུར་ཞུགས། ཞི་ཧེ་མེན་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་གྱི་གནས་བབ་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་མཛུབ་སྟོན་བསམ་བློ་དང་འཕེལ་རྒྱས་དམིགས་འབེན། འཕེལ་རྒྱས་འདུ་ཤེས་ལ་རྒྱུས་ལོན་ཡང་དག་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ལས་འགན་སྣ་ཚོགས་དང་བྱེད་ཐབས་གལ་ཆེན་བཅས་ཕྱོགས་གསུམ་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་འགྲེལ་བཤད་གཏིང་ཟབ་བྱས།

ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་དངུལ་རྩ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཚེ་ཧོང་རོས་ཀྱིས་མིན་ཧི་རྫོང་ཁྲོན་ཁི་གྲོང་རྡལ་གྱི་གྲོང་རྡལ་དང་སྡེ་བའི་ལས་བྱེད་པ་ཡོངས་ལ་སྒྲོག་འགྲེལ་སྙན་ཞུ་ཕུལ། སྙན་ཞུ་ཚོགས་འདུའི་སྟེང་། ཚེ་ཧོང་རོས་ཀྱིས་ད་ལྟའི་དུས་རིམ་དུ་གནད་ཁེལ་དབུལ་སྐྱོར་སྤེལ་བའི་བྱ་བའི་ཁྲོད་གནད་དོན་གང་དག་ལ་མཉམ་འཇོག་བྱེད་དགོས་པ་དང་། སྡེ་བའི་ཏང་ཀྲི་པུའུ་དེ་གཞི་རིམ་ཏང་རྩ་འཛུགས་ཡིན་པའི་ཆ་ནས་ཀུན་གྱི་སྣེ་ཁྲིད་དེ་ཕྱུག་བསྒྱུར་གྱི་ལམ་དུ་བསྐྱོད་པའི་ནུས་པ་འདོན་སྤེལ་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་ཡུལ་དངོས་ནས་བསམ་འཆར་བརྗེ་རེས་བྱས།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་ནས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་གི་སྐོར་ཞིབ་པ་གཞོན་པ་ཀྲང་ཁྲོང་མེན་གྱིས་གཅན་ཚ་རྫོང་གི་མགོ་ཁྲིད་ལས་བྱེད་པ་དང་། ཞིང་ཆེན་དང་ཁུལ་གྱི་རྫོང་དུ་སྡོད་པའི་སྲིད་འཛིན་དང་ཁེ་ལས། ལས་དོན་སྡེ་ཁག་བཅས་ཀྱི་འགན་ཁུར་མི་སྣ་དང་། ཞང་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། ཞང་དང་གྲོང་རྡལ་གྱི་མགོ་གཙོ། སྡོད་ཁུལ་གྱི་འགན་ཁུར་མི་སྣ། འཕྲོད་བསྟེན་མ་ལག་གི་སྨན་བཅོས་མི་སྣའི་འཐུས་མི། སློབ་གསོ་མ་ལག་གི་དགེ་རྒན་འཐུས་མི་དང་ལས་བྱེད་པ་རྒན་པའི་འཐུས་མི་བཅས་བསྡོམས་པས་མི་ཉིས་བརྒྱ་ལྷག་ལ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཟུར་ཁྲིད་དང་འགྲེལ་ཀློག་གཏིང་ཟབ་བྱས། སྙན་ཞུའི་ཁྲོད། ཀྲང་ཁྲོང་མེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དོན་སྙིང་གལ་ཆེན་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དོན་སྙིང་གལ་ཆེན། མཛུབ་སྟོན་བསམ་བློ། དམིགས་འབེན་གཙོ་བོ། འཕེལ་རྒྱས་འདུ་ཤེས། འཐབ་ཇུས་བཀོད་སྒྲིག འཕེལ་རྒྱས་འགན་སྲུང་སོགས་ཕྱོགས་ནས། གཞི་གྲངས་དངོས་དང་དཔེ་གཞི་འབོར་ཆེན་དྲངས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་འགྲེལ་ཀློག་བྱས། སྙན་ཞུའི་ཚོགས་འདུའི་སྟེང་། ཀྲང་ཁྲོང་མེན་གྱིས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་བར་བསམ་བློ་བརྗེ་རེས་བྱས་ཏེ། ཚང་མས་དོ་སྣང་བྱེད་བཞིན་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་དང་གནད་ཁེལ་དབུལ་སྐྱོར་སོགས་ཀྱི་གནས་དོན་ཐད་ནས་ཡུལ་དངོས་ནས་ལན་གསལ་བོ་བཏབ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།