ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་ནུས་པའི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ལས་གཞིའི་གསར་སྐྲུན་འབྲེལ་བ་དང་ལེན་བྱེད་ཆེད། ནོར་སྲིད་ཀྱི་བྱེད་ཐབས་སྤྱད་དེ། སྡེ་བ་ནས་རྫོང་བར་གྱི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་རྒྱུ་སྤུས་ཀྱི་རིམ་པའི་གཞི་རྩའི་གྲངས་མཛོད་ཉར་ཚགས་བྱས། ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་ཐོ་འགོད་བྱས་ཟིན་པའི་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་རྒྱུ་སྤུས་བྱ་བར་དཔྱད་འཇོག་བྱས་ཏེ། གཞི་གསུམ་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོ་འདིང་བར་སྐུལ་འདེད་བྱས།

ཉེ་བའི་ལོ་འདི་འགར། ཆི་ལེན་རྫོང་དུ་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བརྒྱ་དང་ཞེ་གཅིག་ཐོ་འགོད་བྱས་ཤིང་། དེའི་ནང་གི་ཆེད་ལས་མཉམ་ལས་ཁང་སོ་བརྒྱད་མཚོ་སྔོན་ཞིང་ཆེན་དང་། མཚོ་བྱང་ཁུལ་གྱི་དཔེ་སྟོན་ཆེད་ལས་མཉམ་ལས་ཁང་གི་གྲས་སུ་ཚུད། ཆི་ལེན་རྫོང་གིས་ཞིང་ཕྱུགས་ལས་རིགས་ཀྱི་གཞི་རྒྱ་དང་ལས་གཉེར་སྙོམས་སྒྲིག་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་རྩ་འཛུགས་རང་བཞིན་གྱི་ཆུ་ཚད་དང་། དམངས་ཕན་ཁྲོམ་རའི་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་བཏང་བར་མ་ཟད། ཚད་གཞི་ཅན་གྱི་སྔོན་ཐོན་དཔེ་སྟོན་མཉམ་ལས་ཁང་སྲ་བརྟན་དུ་བཏང་ནས། དཔེ་སྟོན་ཆེད་ལས་མཉམ་ལས་ཁང་གི་ནུས་པ་འདོད་སྤེལ་བྱེད་པར་སྐུལ་ཁྲིད་བྱས། ཆི་ལེན་རྫོང་གིས་ཚད་གཞི་ཅན་གྱི་ཆེད་ལས་མཉམ་ལས་ཁང་གི་འཛུགས་སྐྲུན་གྱི་རྒྱུ་སྤུས་ལ་དཔྱད་འཇོག་བྱས་པ་བརྒྱུད། རོང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་གི་ལག་རྩལ་འདོན་སྤེལ་བྱེད་པར་གཞོགས་འདེགས་བྱས་པར་མ་ཟད། ཆ་འཕྲིན་བརྒྱུད་སྒྲོག་དང་། དངོས་རྫས་མཁོ་སྤྲོད། ཐོན་རྫས་ཕྱིར་འཚོང་། ཁྲོམ་ར་རྒྱ་སྐྱེད་པ་བཅས་ཀྱི་ཕྱོགས་ལ་ནུས་པ་གལ་ཆེན་ཐོན་པར་མ་ཟད། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་བར་ཕན་ཁེ་གང་ལེགས་བསྐྲུན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།