ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོ་ཐེངས་གསུམ་པའི་སློབ་སྦྱོང་བརྗེ་རེས་ཚོགས་འདུ་ཐེངས་གཉིས་པ་བསྡུས་ཤིང་། ཏང་ཙུའུ་ཧྲུའུ་ཅི་མུའུ་ཏུང་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཏང་ཙུའུ་ཧྲུའུ་ཅི་་གཞོན་པ་སྟག་འབུམ་ཐར་དང་ཏང་ཙུའུ་ཁོངས་མི་སུའུ་ཉིན་དང་། ཚའོ་ཝུན་ཧུའུ། མཱ་ཝེ། ཚའོ་ཧུང་། ཚའེ་ཏི་ཀོས་བཅས་གྲོས་ཚོགས་སུ་ཞུགས་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ་ཚོགས་འདུར་ཟུར་ཞུགས་བྱས།
ཚོགས་ཞུགས་མི་སྣ་ཡོངས་ཀྱིས་དབང་ཆ་གཟབ་ནན་ངང་སྤྱོད་དགོས་པའི་གལ་ཆེན་རང་བཞིན་ཐད་ནས་བགྲོ་གླེང་འཁྲུག་ཆ་དོད་པོ་བྱས་པར་མ་ཟད། ད་དུང་དོན་སྒྲུབ་ལས་སྐྲུན་སྐོར་ནས་བསམ་བློ་བརྗེ་རེས་བྱས།
མུའུ་ཏུང་ཧྲིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་མགོ་ཁྲིད་དག་གི་གཏམ་བཤད་དགོངས་དོན་སློབ་སྦྱོང་མཐའ་འཁྱོལ་བྱེད་པ་དང་། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོས་བཏོན་པའི་གླེང་ཕྱོགས་བཅུའི་ཞིབ་ཕྲའི་བླང་བྱ་སྔར་ལས་གཏིང་ཟབ་ཏུ་སྤེལ་བར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་ཁག་གིས་ལག་བསྟར་དངོས་འབེབས་བྱ་བ་དམ་པོར་འཛིན་དགོས་ལ། དེས་གཤམ་གྱི་གནད་གསུམ་ཅིས་ཀྱང་མ་འཆུག་མ་ནོར་བའི་ངང་བསྒྲུབ་དགོས་་ཏེ། གཅིག བསམ་བློའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། གཞུང་ལུགས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཕྱོགས་ཡོངས་ནས་རྒྱས་པར་བྱེད་དགོས། གཉིས། སློབ་སྦྱོང་དང་ཞིབ་བཤེར། བསྒྱུར་བཅོས་བཅས་མཉམ་གཅིག་ཏུ་སྤེལ་བར་འབད་དགོས། གསུམ། དམངས་གཙོའི་འཚོ་བའི་སྐོར་ནས་ཆེད་དོན་གྲོས་ཚོགས་བསྡུ་བར་སྟོབས་ཤུགས་གང་ཡོད་འདོན་དགོས་་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
པར་རིས་གསར་འགྱུར།
བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
བོད་ཁུལ་གསར་འགྱུར།
- བོད་ལྗོངས་ཀྱི་སྨན་བཅོས་སྡེ་ཁག་གིས་གཞི་རིམ་དུ་སྨན་བཅོས་བྱ་འགུལ་སྤེལ་བ།
- ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ཡིག་གཟུགས་རྐོ་འབྲི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྤེལ་འགོ་བརྩམས།
- དཔལ་མགོན་རྫོང་གིས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་ལུགས་སློབ་གསོར་ཤུགས་སྣོན་བརྒྱབ་པ།
- བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
- སྨར་ཁམས་རྫོང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་བརྒྱུད་རིམ་ཡོད་པའི་ངང་སྐུལ་འདེད་བཏང་བ།
- ནག་ཆུ་ས་ཁུལ་གྱིས 2015ལོའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”ལ་གཟེངས་བསྟོད་བྱས་པ།
- ཟངས་རི་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ཁེ་ལས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བ།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།