ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བརྙན་རིས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་ནན་ཏན་ཆེན་པོས་དངོས་འབེབས་ལག་བསྟར་དང་། ཟམ་མ་ཆད་པའི་སྒོ་ནས་སྲིད་བསྡུ་དབང་གཏོང་བྱ་བས་མང་ཚོགས་ལ་ཁེ་ཕན་བསྐྲུན་པ་དང་ལས་སྐྲུན་བྱེད་པའི་ལས་སྒོ་སྔར་ལས་དོན་འཁྱོལ་ངང་སྤེལ་བར་ཡར་སྐུལ་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀའོ་ཧྭ་ཡིས་ཚོགས་ཐོག་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསྡུས་པའི་ཚུན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་བསྡུ་དབང་གཏོང་དང་དོ་དམ་བྱ་བ་གཞི་གཅིག་ཏུ་སྦྲེལ་བ་དེ་སྲིད་གཞུང་གི་འགན་ནུས་བསྒྱུར་བཅོས་བཅས་ཀྱི་བྱ་བ་འགངས་ཆེན་ལ་བརྩིས་ཏེ། དེའི་ཐད་ཐབས་ཇུས་བཀོད་སྒྲིག་གང་ལེགས་འཐེན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་དོན་དེར་མཐོང་ཆེན་བླ་ལྷག་བྱས་པ་དང་།མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་སྲིད་བསྡུ་དབང་གཏོང་དང་དོ་དམ་གཞི་གཅིག་ཏུ་སྦྲེལ་བ། དོ་དམ་ཞབས་ཞུ་ལེགས་བཅོས་གཏོང་བ་བཅས་ཀྱི་ཐད་རེ་བ་ནན་མོ་བཏོན་པར་མ་ཟད། ཧུར་བརྩོན་ཆེན་པོས་མཚོ་སྔོན་ནི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་གྱི་ལས་སྒོ་ཉུང་ཤོས་དང་། ཞིབ་བཤེར་ཆོག་མཆན་གྱི་ལས་ཆོད་ཆེས་མཐོ་བ། ལས་སྤེལ་གསར་སྐྲུན་གྱི་ཁོར་ཡུག་ཆེས་ལེགས་པའི་ཞིང་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། ས་གནས་དང་ལས་ཁུངས་ཁག་གིས་ཁྱོན་ཡོངས་ནས་སྲིད་བསྡུ་དབང་གཏོང་གི་བྱ་བ་སྤེལ་བ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྤྱི་བའི་ཞབས་ཞུའི་འགན་ནུས་ཇེ་དྲག་ཏུ་གཏོང་བ། བཅོས་སྒྱུར་ཕན་འབྲས་ཟམ་མ་ཆད་པའི་ངང་མངོན་གསལ་དོད་པོ་ཅན་དུ་བསྒྱུར་པ་བཅས་ལ་བརྟེན་ནས། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་པ་བསྐྱར་གསོན་ཡོང་བར་འབད་དགོས་ཞེས་བསྟན།

གྲོས་ཚོགས་ལས་བླང་བྱ་བཏོན་ནས་བསྟན་དོན། མཚོ་སྔོན་གྱིས་སྲིད་བསྡུ་དབང་གཏོང་བྱ་བ་བཟང་བོར་བསྒྲུབ་པར་ཅིས་ཀྱང་གཤམ་གྱི་གནད་ལྔ་བསྒྲུབ་དགོས་ཏེ། གཅིག གྲོང་ཁྱེར་དང་ཁུལ། རྫོང་རིམ་པ་བཅས་ཀྱི་སྲིད་གཞུང་སྒྲིག་གཞིར་བཅོས་སྒྱུར་བྱེད་པར་ཡར་སྐུལ་བྱས་ཏེ། ད་ལོའི་ལོ་མཇུག་བར་དུ་ཁུལ་དང་གྲོང་ཁྱེར་གྱི་སྲིད་གཞུང་སྒྲིག་གཞི་བཅོས་སྒྱུར་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་འབད་དགོས་ལ། རྫོང་རིམ་པའི་སྲིད་གཞུང་སྒྲིག་གཞི་བཅོས་སྒྱུར་བྱ་བ་དེ་སང་ལོའི་ལོ་སྟོད་བར་དུ་ཅིས་ཀྱང་ཡོངས་འགྲུབ་བྱེད་དགོས། གཉིས། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་སྲིད་འཛིན་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་སྒྱུར་བྱ་བ་བར་མ་ཆད་པའི་ངང་སྤེལ་དགོས། གསུམ། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་མི་དོན་ལས་ཁུངས་ཀྱི་སྒྲིག་གཞི་བཅོས་སྒྱུར་བྱ་བ་འཐུས་སྒོ་ཚང་བའི་ངང་བསྒྲུབ་དགོས། བཞི། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་སྤྱི་བའི་ཐོན་ཁུངས་བརྗེ་རེས་སྡིངས་ཆ་གསར་སྐྲུན་བྱེད་དགོས། ལྔ། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་སྲིད་འཛིན་ཞབས་ཞུའི་ལྟེ་གནས་འཛུགས་སྒྲུབ་བྱ་བ་མགྱོགས་མྱུར་ངང་སྤེལ་དགོས་པ་བཅས་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།