ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་པའི་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་དང་། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྱི་བྱ་བ་དང་དམངས་འཐུས་ཚོགས་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་སྒྲིག་བཟོ་བྱེད་པའི་སྐོར་གྱི་གྲོས་གཞི་ཐད་ནས་ཁྱབ་ཁོངས་ངེས་ཅན་ནས་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། ཐེངས་འདིའི་གྲོས་ཚོགས་ནས་གྲོས་ཞིབ་བྱས་པའི་བསམ་འཆར་ལྟར་བཟོས་བཅོས་བྱས་རྗེས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད། ཚོགས་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་གོ་རིམ་ཁྲོད་དུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། འབྲེལ་ཡོད་ཕྱོགས་སོ་སོས་གྲོས་གཞིའི་ཡི་གེ་ཐད་བསམ་འཆར་དང་གྲོས་གཞི་བཟང་བོ་མང་པོ་བཏོན་པས། ཁྱོན་ཡོངས་གདམ་གསེས་དང་རིམ་པ་བཞིན་ཞིབ་འཇུག བསྡུ་ལེན་བཟང་བོ་བྱས་ནས། ཡིག་ཆ་གཏན་འབེབས་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་ཇུས་གཞི་བཟོ་རྒྱུའི་ཚུལ་བསྟན།
ཚོགས་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་སྔར་ལས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བསྟན་དོན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་དེ་ཞིང་ཆེན་ཡོངས་ཀྱི་ཁུལ་གསུམ་འཐབ་ཇུས་གྲས་ཀྱི་གཅིག་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་བྱ་བ་ཧྲིལ་བོའི་ཁྲོད་དོན་སྙིང་ལྡན། རིམ་པ་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལྟར་དུ། 2013ལོའི་ཚུན་དུ། ཞིང་ཆེན་གྱི་གོང་འོག་ཡོངས་སུ་ཚད་གཞི་མཐོན་པོ་དང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་བ་སྤེལ་ནས། གྲུབ་འབྲས་མངོན་གསལ་བླངས་པ་མ་ཟད། ལོ་གསུམ་ནང་རྨང་གཞི་བརྟན་པོ་འདིང་བའི་བྱ་བའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱས། རིམ་པ་སོ་སོའི་ཏང་ཨུས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དུས་སྐབས་གསར་བའི་ནང་གི་འཛུགས་སྐྲུན་བྱ་བའི་ཐད་བཏོན་པའི་ལས་འགན་གསར་བ་དང་རེ་བ་གསར་བ་སྔར་ལས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་འཛུགས་སྐྲུན་བྱ་བ་དེ་ཆབ་སྲིད་འགན་འཁྲི་དང་འཐབ་ཇུས་ལས་འགན་གལ་ཆེན་དུ་བརྩིས་ནས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་མགོ་ཁྲིད་དང་པོའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། སློབ་གསོའི་སྣེ་ཁྲིད་བྱེད་པའི་ཡུན་ཕན་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ། འགལ་རྩོད་ལ་ཞིབ་བཤེར་དང་ཐག་གཅོད་པ། མི་རིགས་དང་ཆོས་ལུགས་བྱ་བ་བཟང་བོ་བསྒྲུབ་པ། སྤྱི་ཚོགས་དོ་དམ་གསར་སྐྲུན་བྱེད་པ། མུ་མཐུད་དུ་དམངས་ཚིས་ལེགས་བསྒྱུར་བྱེད་པ། འགན་སྲུང་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ། མགོ་ཚུགས་ས་གསར་བའི་སྟེང2016ལོ་ནས2020ལོའི་བར་གྱི་འཛུགས་སྐྲུན་བྱ་བའི་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་པ་བཅས་བྱས་ཏེ། དུས་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གྱི་འཛུགས་སྐྲུན་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་དང་དམངས་འཐུས་ཚོགས་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བསྟན་དོན། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་དང་དམངས་འཐུས་ཚོགས་ཆེན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གཞི་རིམ་གྱི་རྒྱལ་ཁབ་དབང་ཤུགས་ལས་ཁུངས་དང་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་ནི། གནས་བབ་གསར་བའི་འོག་གི་དམངས་འཐུས་ཚོགས་ཆེན་བྱ་བ་བཟང་བོར་བསྒྲུབ་པའི་ལས་འགན་གལ་ཆེན་ཡིན་པས། རྫོང་དང་ཞང་གི་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན། སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་དང་དམངས་འཐུས་ཚོགས་ཆེན་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ཀྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱེད་པ། བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། སྤྱི་སྡོམ་དང་རྒྱུན་འཛིན། འཐུས་ཚང་དུ་གཏོང་བ། མཐོར་འདེགས་བྱེད་པའི་རེ་བ་ལྟར་དུ། ཏང་གིས་རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བའི་ཐད་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བྱེད་ཐབས་ལ་འཆར་འགོད་ནན་མོ་བྱས་ཏེ། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་བྱ་བ་དང་དམངས་འཐུས་ཚོགས་ཆེན་འཛུགས་སྐྲུན་ཐད་ནས་བབ་བསྟུན་མདུན་སྐྱོད་དང་འཐུས་ཚང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས། ཁྲིམས་ལྟར་རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་འདེམས་པ་དང་། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ནན་ཏན་སྒོས་བསྡུ་བ། ཁྲིམས་ལྟར་དོན་བྱ་གལ་ཆེན་ལ་གྲོས་ཞིབ་བྱེད་པ་དང་ཐག་གཅོད་པ། ལྟ་སྐུལ་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པ། མི་དོན་འདེམས་བསྐོ་དང་བསྐོ་འཐེན་བྱ་བ་བཟང་བོར་སྒྲུབ་པ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་གཏོང་བ། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱེད་དགོས། མགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། བཅའ་ཁྲིམས་འགན་སྲུང་དང་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། ལག་བསྟར་བསམ་འཆར་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་བྱེད་པ། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྱིས་ཁྲིམས་ལྟར་འགན་དབང་བཀོལ་སྤྱོད་བྱེད་པར་འགན་སྲུང་བྱེད་པ། རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྱི་རྩ་འཛུགས་ལམ་ལུགས་དང་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མུ་མཐུད་དུ་རྫོང་དང་ཞང་གི་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་ཆུ་ཚད་མཐོར་འདེགས་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
པར་རིས་གསར་འགྱུར།
ལིས་ཁི་ཆང་གིས་རྒྱ་གར་གྱི་ནང་སྲིད་དཔོན་པོར་མཇལ་འཕྲད་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་གཉིས་པ་བསྡུས།
ཞི་ཅིན་ཕེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
བོད་ཁུལ་གསར་འགྱུར།
- ཆི་ལིན་རྫོང་གིས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་རྒྱུ་སྤུས་ལ་དཔྱད་འཇོག་བྱས།
- ཆི་ལེན་རྫོང་གིས་ཐེབས་རྩ་ཚོགས་པ་བཙུགས་ཏེ་བུད་མེད་དང་བྱིས་པར་བྱམས་བརྩེ་སྦྱིན་བཞིན་ཡོད།
- མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཏང་ཙུའུ་ཡིས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོའི་སློབ་སྦྱོང་བརྗེ་རེས་ཚོགས་འདུ་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་བསྡུ་དབང་གཏོང་སྐོར་ནས་བརྙན་རིས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་བསྡུ་དབང་གཏོང་སྐོར་ནས་བརྙན་རིས་གྲོས་ཚོགས་བསྡུས།
- ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ལས་དོན་དང་སྤྱི་ཚོགས་སྟོབས་ཤུགས་ཞུགས་པའི་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་གྱི་འདུ་ཤེས་འཛིན་སྟངས་བྱ་བའི་འགན་ཁྲི་ལམ་ལུགས་ལག་བསྟར་བྱེད་པ་དང་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་ཟི་ལིང་ནས་ཚོགས།