མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་དང་ཨ་མེ་རི་ཁའི་སྔོན་ཐོན་སྨན་བཅོས་ལག་རྩལ་མཐུན་ཚོགས་ཀྱིས་མཉམ་དུ་བསྒྲུབས་པའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ལས་དོན་དང་སྤྱི་ཚོགས་སྟོབས་ཤུགས་ཞུགས་པའི་བགྲོ་གླེང་ཚོགས་འདུ་ཚེས་བཅུ་དགུ་ཉིན་ཟི་ལིང་ནས་བསྡུས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞོ་ཡིས་ཚོགས་ཐོག་ནས་གཏམ་བཤད་བཞིན་པ།

ཨ་མེ་རི་ཁའི་སྨན་བཅོས་སྔོན་ཐོན་ལག་རྩལ་མཐུན་ཚོགས་འཛམ་གླིང་འཐབ་ཇུས་དང་དབྱེ་ཞིབ་ལག་བསྟར་ཙུང་ཚའེ་གཞོན་པ་ལཱ་ཨར་ཧྥུའུ•ཨེ་ཧྥུའུ་སི་ཡིས་བགྲོ་གླེང་ཚོགས་འདུའི་སྟེང་གཏམ་བཤད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་དང་ཨ་མེ་རི་ཁའི་སྔོན་ཐོན་སྨན་བཅོས་ལག་རྩལ་མཐུན་ཚོགས་ཀྱིས་མཉམ་དུ་བསྒྲུབས་པའི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ལས་དོན་དང་སྤྱི་ཚོགས་སྟོབས་ཤུགས་ཞུགས་པའི་བགྲོ་གླེང་ཚོགས་འདུ་ཚེས་བཅུ་དགུ་ཉིན་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞོ་དང་། ཨ་མེ་རི་ཁའི་སྨན་བཅོས་སྔོན་ཐོན་ལག་རྩལ་མཐུན་ཚོགས་འཛམ་གླིང་འཐབ་ཇུས་དང་དབྱེ་ཞིབ་ལག་བསྟར་ཙུང་ཚའེ་གཞོན་པ་ལཱ་ཨར་ཧྥུའུ•ཨེ་ཧྥུའུ་སི་གཉིས་བགྲོ་གླེང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཝང་ཞོ་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་གྱི་བདེ་ཐང་ལས་དོན་དེ་མང་ཚོགས་ལ་དགོས་མཁོ་ཆེ་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་བདེ་ཐང་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་ཁོང་དུ་ཆུད་པར་བྱས་ནས། ཧུར་ཐག་སྒོས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་སྨན་ཁང་སྒྲུབ་པར་སྣེ་ཁྲིད་པ་དང་། རིམ་པ་དང་པོ་ཡན་ཆད་ཀྱི་དམངས་གཉེར་སྨན་བཅོས་ལས་ཁུངས་ཀྱི་གྲངས་ཀས་སྨན་བཅོས་ལས་ཁུངས་སྤྱིའི་ངས་ཀའི་བརྒྱ་ཆའི་བཞི་བཅུ་དང་། ཞག་འདུག་མལ་ཁྲིས་་བརྒྱ་ཆའི་ཉེར་གསུམ་ཟིན་ཞིང་། སྒོ་བསྟེན་དང་ཞག་འདུག་སོགས་ཀྱི་ཞབས་ཕྱིའི་གྲངས་ཀས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་གཉིས་ཟིན་པ་མ་ཟད། ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཁབ་སྨན་བཅོས་ཚོད་ལྟའི་ལས་འགན་ཁུར་བའི་གོ་རིམ་ཁྲོད་དུ། ཡང་དག་པའི་སྒོ་ནས་སྨན་བཅོས་འཕྲོད་བསྟེན་གྱི་བདེ་ཐང་ལས་དོན་གྱི་བཅོས་སྒྱུར་རེ་བ་ཁོང་དུ་ཆུད་པར་བྱས་པ་དང་། སྨན་བཅོས་ཞབས་ཕྱིའི་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚད་ཇེ་ཆེར་བཏང་ནས། སྤྱི་ཚོགས་སྟོབས་ཤུགས་སྨན་བཅོས་འཕྲོད་བསྟེན་གྱི་བདེ་ཐང་ལས་དོན་ཁྲོད་དུ་ཞུགས་པའི་འཕེལ་རྒྱས་ཀྱི་བར་སྟོང་ཞིག་གསར་གཏོད་བྱས་ཟེར།

ཝང་ཞོ་ཡིས་ནན་གྱིས་བསྟན་དོན། བདེ་ཐང་གི་འཚོ་བ་ཞིག་རོལ་རྒྱུ་ནི། མི་རེ་རེའི་རེ་སྒུག་ཡིན་ཞིང་། སྨན་བཅོས་འཕྲོད་བསྟེན་གྱི་བདེ་ཐང་ལས་དོན་འཕེལ་རྒྱས་སུ་གཏོང་དགོས་ན། སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་། སྨན་བཅོས་འཕྲུལ་ཆས། མཐོ་གསར་སྒྲིག་ཆས་དང་ནད་བརྟག་སྒྲིག་ཆས། སྐྱེ་དངོས་སྨན་ལས་སོགས་གསར་སྐྲུན་འཕེལ་རྒྱས་དང་འབྲལ་ཐབས་མེད། གོ་རིམ་རྗེས་མར་ཟི་ལིང་གྲོང་ཁྱེར་གྱིས་རེབ་འདིའི་བགྲོ་གླེང་ཚོགས་འདུ་གོ་སྐབས་སུ་བརྩིས་ནས། མུ་མཐུད་དུ་མཉམ་འཛུགས་མཉམ་སྤྱོད་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་བདེ་ཐང་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།