ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་བྱ་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་ཚེས་བཅུ་དགུ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ཞི་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧན་ཅན་ཧྭ་གྲོས་ཚོགས་ལ་ཞུགས།
ཝང་ཅན་ཅོན་གྱིས་བསྟན་དོན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་མཉམ་དུ་དམ་འཛིན་བྱེད་རྒྱུ་དེ། ནམ་ཡང་ང་ཚོ་ཏང་གི་བྱ་བའི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན་པ་དང་། འདུ་ཤེས་འཛིན་སྟངས་བྱ་བ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ནས་རིགས་གཞུང་ལ་དོ་སྣང་བྱེད་དགོས་པར་མ་ཟད། གླེང་ཕྱོགས་ལ་ཡང་དོ་སྣང་བྱེད་དགོས་ལ། འགན་འཁྲི་དང་ལག་ལེན་ལ་དེ་བས་ཀྱང་དོ་སྣང་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་འགུལ་གྱིས་འགན་ཕྲག་ཏུ་བླངས་ནས། འདུ་ཤེས་འཛིན་སྟངས་བྱ་བ་དེ་སེམས་སུ་དམ་པོར་འཛིན་དགོས། འགན་ནུས་སྒྲུབ་པ་དང་འགན་འཁྲི་ལག་བསྟར་བྱས་ཏེ། འདུ་ཤེས་འཛིན་སྟངས་བྱ་བའི་མགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་འཛིན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་པ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཐད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་སའི་དོ་དམ་ལ་ཤུགས་སྣོན་པ། འདུ་ཤེས་འཛིན་སྟངས་ཀྱི་དཔུང་སྡེ་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པ་བཅས་བྱེད་དགོས། འགན་འཁྲི་རྩད་གཅོད་བྱས་ནས། འདུ་ཤེས་འཛིན་སྟངས་བྱ་བ་དེ་ཏང་འཛུགས་བྱ་བའི་འགན་འཁྲི་ལམ་ལུགས་ཁྲོད་དང་། མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དམིགས་འབེན་དོ་དམ་དང་དཔྱད་ཞིབ་ཁྲོད། ཏང་གི་སྒྲིག་ལམ་ལག་བསྟར་བྱེད་པའི་ལྟ་སྐུལ་ཞིབ་བཤེར་ཁྱབ་ཁོངས་ཁྲོད་བཞག་སྟེ། མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་འགན་ཁུར་ཕོད་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།
ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། སྐར་མ་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱེད་རྒྱུ་དེ་ཞིང་ཆེན་ཏང་ཨུའི་འཐབ་ཇུས་ཇུས་ཆོད་ཁྲོད་བཞག་པ་དང་། དེ་མཚོ་སྔོན་ལ་མཚོན་ན་ཐེངས་དང་པོ་ཡིན་པས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁྱིམ་ཚང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་ཕྲ་ཕུང་རང་བཞིན་དང་རྨང་གཞིའི་རང་བཞིན། མགོ་ཁུངས་རང་བཞིན་གྱི་ནུས་པར་ངོས་འཛིན་གང་ལེགས་བྱེད་པ་དང་། ཁྱིམ་ཚང་འཛུགས་སྐྲུན་ནི་རྒྱལ་ཁབ་འཛུགས་སྐྲུན་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་རྨང་གཞི་ཡིན་པར་ངོས་འཛིན་གང་ལེགས་བྱེད་པ། སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱེད་པའི་དུས་རབས་དོན་སྙིང་དང་ནང་དོན་ལ་ངོས་ཟིན་གང་ལེགས་བྱེད་དགོས། སྐར་མ་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་དེ་ཏང་ལ་དགའ་བ་དང་མེས་རྒྱལ་ལ་དགའ་བ་དང་། ཡིད་རྟོན་ཁྲིམས་སྲུང་། ལས་བརྩོན་གཏོང་ཕོད། མཐུན་སྒྲིལ་དར་སྲོལ། གཙང་སྦྲ་གྲལ་དག་བཅས་ཕྱོགས་ལྔའི་ཐད་ཀྱི་ནང་དོན་དང་ཚད་གཞི་ལ་དམིགས་ནས་སྤེལ་དགོས་པ་མ་ཟད། རིན་ཐང་གིས་སྣེ་ཁྲིད་པ་འབུར་དུ་ཐོན་པར་བྱེད་པ་དང་། ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ། ཁྱིམ་ཚང་གི་གོམས་སྲོལ་འབུར་དུ་ཐོན་པར་བྱེད་པ། དཔལ་ཡོན་གླེང་བ་དང་སྲོལ་བཟང་དར་སྤེལ། སྐྱོན་ཆར་ཡོ་བསྲང་བྱེད་པ་བཅས་འབུར་དུ་ཐོན་པར་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་བྱེད་ཐབས་སྤྱོད་པ་དང་། སྟོབས་ཤུགས་འདོན་པ། མཉམ་ཤུགས་གྲུབ་པར་བྱེད་པ། མང་ཚོགས་ལ་སྐུལ་སློང་བྱེད་པ། གོ་རིམ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། བྱ་བའི་སྒྲིག་སྲོལ་ལ་གསར་སྐྲུན་བྱེད་པ། དཔེ་མཚོན་འཛུགས་པར་གཙིགས་འཛིན་བྱེད་པ། རིགས་བགར་ནས་སྤེལ་བ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐར་མ་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱེད་པའི་བྱ་བ་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
པར་རིས་གསར་འགྱུར།
བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
བོད་ཁུལ་གསར་འགྱུར།
- བོད་ལྗོངས་ཀྱི་སྨན་བཅོས་སྡེ་ཁག་གིས་གཞི་རིམ་དུ་སྨན་བཅོས་བྱ་འགུལ་སྤེལ་བ།
- ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ཡིག་གཟུགས་རྐོ་འབྲི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྤེལ་འགོ་བརྩམས།
- དཔལ་མགོན་རྫོང་གིས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་ལུགས་སློབ་གསོར་ཤུགས་སྣོན་བརྒྱབ་པ།
- བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
- སྨར་ཁམས་རྫོང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་བརྒྱུད་རིམ་ཡོད་པའི་ངང་སྐུལ་འདེད་བཏང་བ།
- ནག་ཆུ་ས་ཁུལ་གྱིས 2015ལོའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”ལ་གཟེངས་བསྟོད་བྱས་པ།
- ཟངས་རི་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ཁེ་ལས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བ།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།