ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་སྐབས་དང་པོ་གཏིང་ཟབ་སྒོས་ལག་བསྟར་བྱས་པའི་གནད་འགག་གི་ལོ་ལྔ་རེད། ལོ་ལྔའི་རིང་ལ་གཙང་གསུམ་འབྱུང་ཡུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་དཀའ་ངལ་ཁྱད་བསལ་གྱིས་སྐབས་དང་པོའི་བཟོ་སྐྲུན་གྱི་གཙོ་གནད་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཏིངས་པ་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད་པས། འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱས་པའི་མཇུག་འབྲས་འབྲོག་པ་མང་ཚོགས་ལ་རོལ་མྱོང་བྱེད་དུ་འཇུག་ཆེད། སྐྱེ་ཁམས་གནས་སྤོར་སྡོད་དམངས་གནས་སྤོར་ཐུབ་པ་དང་། གཏན་སྡོད་བྱེད་ཐུབ་པ། འབྱོར་ཕྱུག་གི་ལམ་དུ་བསྐྱོད་ཐུབ་པར་ཁག་ཐེག་བྱས། ཉིས་སྟོང་བཅུ་ལོ་ནས་བཟུང་མཚོ་སྔོན་གྱིས་སྔོན་ལ་སྐྱེ་ཁམས་ཁ་གསབ་མ་དངུལ་བྱིན་པ་དང་། སྐྱེ་ཁམས་ཁ་གསབ་ཀྱི་སྲིད་ཇུས་བཅུ་གཅིག་གཏན་ཁེལ་བྱས་ཏེ། རོང་འབྲོག་མང་ཚོགས་ནུས་རྩལ་གསོ་སྦྱོང་འཛིན་གྲྭ་དང་གནས་སྤོར་ལས་ཞུགས་ཁ་གསབ། རྩྭ་ཕྱུགས་དོ་མཉམ་མ་དངུལ། སྐྱེ་ཁམས་གནས་སྤོར་སྡོད་དམངས་དང་ལེན་བྱེད་པ་བཅས་ལག་བསྟར་བྱས།

སྐྱེ་ཁམས་ཁོར་ཡུལ་སྲུང་སྐྱོབ་དང་འཛུགས་སྐྲུན་ཁྲོད། མཚོ་སྔོན་གྱིས་ཚན་རིག་གིས་འདེགས་སྐྱོར་བྱེད་པའི་བྱེད་ཐབས་སྤྱད་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཐད་ཚན་རིག་ཞིབ་འཇུག་དང་ཉེར་སྤྱོད་ཁྱབ་གདལ་གྱི་ལས་གཞི་གོ་དྲུག་སྤེལ། དེའི་ཁྲོད་གཙང་གསུམ་འབྱུང་ཡུལ་གྱི་བརླན་སའི་འགྱུར་ལྡོག་དང་སླར་གསོའི་ལག་རྩལ་ཞིབ་འཇུག་དང་གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ས་བྱེ་ཐང་ཅན་དུ་འགྱུར་བའི་སྐྱེ་ཁམས་སླར་གསོ་མ་ལག་བཅོས་སྐྱོང་བྱེད་པའི་ཞིབ་འཇུག་གཉིས་ལག་བསྟར་བྱས་རྗེས་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་ལ་སླེབས་ཡོད།

མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིས་ཞའོ་ནན་གྱིས་བཤད་རྒྱུར། སྐྱེ་ཁམས་ཁོར་ཡུག་སྲུབ་སྐྱོང་དང་འཛུགས་སྐྲུན་བྱས་པ་བརྒྱུད་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་སོགས་ཕྱོགས་མང་པོའི་ཐད་ནུས་པ་བླ་ལྷག་བཏོན་ཡོད། སྐྱེ་ཁམས་ཁོར་ཡུག་ཐད་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་མ་ལག་ཁྱོན་ཡོངས་ནས་ཇེ་ལེགས་སུ་སོང་ཡོད་ལ། རྩྭ་ཐང་བྱེ་འགྱུར་གྱི་རྣམ་པ་བཀག་འགོག་བྱས་པ་དང་། རྩྭ་སའི་ཐོན་སྐྱེད་ནུས་པ་དང་སྔོ་ཁེབས་རྒྱ་ཁྱོན་མངོན་གསལ་སྒོས་ཇེ་ཆེར་སོང་ཡོད། མཚོ་དང་མཚེའུའི་རྒྱ་ཁྱོན་ཡང་ཇེ་ཆེར་སོང་ནས་བརླན་སའི་སྐྱེ་ཁམས་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད། སྐྱེ་ཁམས་འཛུགས་སྐྲུན་ཐད་ཀྱི་མཇུག་འབྲས་ལ་མྱོང་བ་ཆེས་ཟབ་པ་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་ཡིན། རོང་འབྲོག་མང་ཚོགས་ཁྲི་བདུན་གྱིས་རྩྭ་ཆུར་བརྟེན་ནས་འཚོ་བ་རོལ་པའི་ལོ་ཟླ་མཇུག་རྫོགས་པ་དང་། ཁྱིམ་ཚང་ཁྲི་བཞི་སྔོང་ལྔར་ཉི་འོད་ནུས་པའི་གློག་སྒྲོན་སྒྲིག་སྦྱོར་བྱས་ཏེ། ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་།

ཕྱུགས་བཀག་རྩྭ་གསོ་ལག་བསྟར་བྱས་རྗེས། མཚོ་སྔོན་གྱིས་གནས་སྤོར་འབྲོག་དམངས་ཀྱི་ཡོང་འབབ་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་གྱི་ལས་གཞི་གལ་ཆེན་ཁྲོད་བཞག་ཡོད། རྡོ་བརྐོ་དང་འཇིམ་བརྐོས། རི་མོ་འབྲི་བ། མི་རིགས་གྱོན་ཆས་ལས་སྣོན་སོགས་མི་རིགས་ཀྱི་ཁྱད་ཆོས་འབུར་ཐོན་ཡིན་པ་དང་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་དུ་འགྲོ་རྒྱུར་ཕན་པའི་ལས་གཞི་མང་པོ་ཞིག་ལག་བསྟར་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་འཚོ་བ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད། སྣ་མང་རང་བཞིན་གྱི་ཡོང་འབབ་ཇེ་མང་ལ་སོང་བ་དང་བསྟུན་ནས། ནུས་ཡོད་སྒོས་བོད་ཁུལ་གྱི་རིགས་སོ་སོའི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡར་སྐུལ་ཐད་ནུས་པ་མི་དམན་པ་ཐོན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།