ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནས་སྐོར་བྱ་འགུལ་སྤེལ་མགོ་རྩོམ་པའི་མཛད་སྒོ་ཚེས་བཅུ་དགུ་ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ནས་བསྡུས། ཁྱད་ཆོས་ལྡན་པའི་བྱ་འགུལ་རིགས་ཆེན་པོ་དགུ་དགུན་དཔྱིད་དུས་ཀྱི་གནས་སྐོར་ཚོང་ར་སྤེལ་བ་དེས། མཚོ་སྔོན་གྱི་གནས་སྐོར་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཡར་སྐུལ་བྱེད་པ་དང་། དུས་ཚིགས་རང་བཞིན་དང་ས་ཁོངས་དོ་མཉམ་ཡོང་བ་མངོན་འགྱུར་བྱས་ནས། གནས་སྐོར་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་རྒྱུ་རེད།

བཀོད་སྒྲིག་བྱས་པ་ལྟར། མཚོ་སྔོན་གྱི་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནས་སྐོར་བྱ་བ་དེ་ཆོས་ལུགས་རིག་གནས་གནས་སྐོར་དང་། དམངས་སྲོལ་གྱི་ཡུལ་སྲོལ་གོམས་འདྲིས། ཡུལ་ལྗོངས་སྤྲོ་གསེང་། ཡུལ་ལྗོངས་པར་ལེན་སོགས་བྱ་འགུལ་རིགས་ཆེན་པོ་དགུ་སྤེལ་ཏེ། མཚོ་སྔོན་གྱི་དགུན་ཁ་དང་དཔྱིད་ཀའི་གནས་སྐོར་ཐོན་རྫས་གསར་བ་དང་། སྐུད་ལམ་གསར་བ་དང་དེ་མིན་དམངས་སྲོལ་དང་། ཆོས་ལུགས། ལུས་རྩལ། ཁངས་ཤུད། པར་ལེན་སོགས་གནས་སྐོར་རྣམ་པ་གསར་བ་ངོམས་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་མང་བོའི་རིང་ལ་འབད་པ་བྱས་པ་བརྒྱུད། མཚོ་སྔོན་གྱི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནས་སྐོར་གཞི་ཁྱོན་མེད་པ་ནས་ཡོད་པར་གྱུར་ཏེ། བྱ་འགུལ་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ས་ཁོངས་གྲོང་ཁྱེར་ནས་ཞང་སྡེར་ཁེབས་པ་དང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གནས་སྐོར་བྱ་བ་དེ་ཡུན་རིང་འཕེལ་རྒྱས་བྱུང་། ཉེ་བའི་ལོ་འགའི་རིང་ལ། དགུན་ཁ་དང་དཔྱིད་ཀའི་དུས་ཀྱི་གནས་སྐོར་མི་ཐེངས་དུས་མཉམ་ལས་འཕར་སྣོན་བྱུང་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་ཉི་ཤུ་ཡན་ཆད་དུ་སླེབས་པ་དང་། གནས་སྐོར་གྱི་ཡོང་སྒོ་དུས་མཉམ་ལས་འཕར་སྣོན་བྱུང་ཚད་ཆ་སྙོམས་ཀྱི་བརྒྱ་ཆའི་སུམ་ཅུ་ཡན་ཆད་དུ་སླེབས་ནས། ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་གཅིག་ནས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པའི་བར་དུ། ཞིང་ཆེན་ཡོངས་ཀྱིས་གནས་སྐོར་པ་ས་ཡ་གཉིས་དང་འབུམ་གཉིས་ཁྲི་བརྒྱད་སྣེ་ལེན་བྱས་ཤིང་། གནས་སྐོར་གྱི་ཡོང་སྒོ་སྒོར་མོ་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་ལྷག་ཏུ་སླེབས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།