ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་འོག་ཏུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་བཟོ་ཚོང་ཅུའུ་རུ་བསྡད་དེ་དུས་ཡུན་ཟླ་གཉིས་ཀྱི་ཆེད་དོན་སྐོར་ཞིབ་བྱེད་མགོ་བརྩམས། ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར་མཚོ་སྔོན་གྱིས་སྔ་གཞུག་ཏུ་སྐོར་ཞིབ་བྱ་བའི་སྐུལ་སློང་ཚོགས་ཆེན་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བའི་ཚན་གཙོ་རྡོ་རྗེ་ཚེ་རིང་གིས་སྐུལ་སློང་གི་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་ཏང་ཨུའི་ཧྲུའུ་ཅི། ཐིན་ཀྲང་ལིག་ཀྲི་ཆང་དང་། ཞིང་ཆེན་བཟོ་ཚོང་ཅུའུ་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཝང་ཏེན་པང་གཉིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད།

རྡོ་རྗེ་ཚེ་རིང་གིས་བསྟན་དོན། ཐེངས་འདིའི་ཆེད་དོན་སྐོར་ཞིབ་བྱ་བས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་གིས་བརྩི་སྲུང་བྱེད་དགོས་པ་དྲུག་རང་རྒྱུད་དུ་ལེན་པ། ཤུགས་འདོན་ས་བཞི་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་སྒོ་ནས། སྒྲིག་ཁྲིམས་ནན་མོ་དང་སྒྲིག་ཁྲིམས་བྱ་བ་དུས་རྟག་པར་ཁྲིམས་ཀྱི་སྔུན་ན་ཡོད་པའི་རྩ་དོན་གཞིར་བཟུང་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ཏང་ཨུའི་རང་བདག་འགན་འཁྲི་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི་གཉིས་ངོ་བོ་མ་འགྱུར་བའི་སྒོ་ནས་བརྒྱུད་སྤེལ་བྱེད་དགོས་ཟེར།

ལིག་ཀྲི་ཆང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་པ་ལྟར། སྐོར་ཞིབ་ལྟ་སྐུལ་བྱ་བ་ནི་སྤྱི་བདེ་ཐིན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཕན་པའི་ཐབས་ཇུས་གལ་ཆེན་ཞིག་ལ་བརྩི་བ་དང་། མགོ་ཁྲིད་ཚན་ཁག་དང་ལས་བྱེད་པ། ཁོངས་མི་བཅས་ཆབ་སྲིད་བབ་གཙང་ཡིན་མིན་ལ་བརྟག་པའི་བྱེད་སྒོ་འགངས་ཆེན་ཞིག་ལ་བརྩིས་ཏེ། རང་རྟོགས་རང་འགུལ་སྔོན་དུ་སོང་བའི་སྒོ་ནས་སྐོར་ཞིབ་ལྟ་སྐུལ་བྱ་བ་ཡར་ལྡན་དུ་སྤེལ་དགོས་ཟེར།

ཝང་ཏེན་པང་གིས་བཤད་རྒྱུར། ཐེངས་འདིའི་ཆེད་དོན་སྐོར་ཞིབ་བྱ་བ་ནི་ཞིང་ཆེན་བཟོ་ཚོང་ཅུའུ་ཡི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་བབ་གཙང་ཡིན་མིན་ལ་བརྟག་པའི་ལས་སྒོ་འགངས་ཆེན་ཞིག་ཡིན་པས། ཞིང་ཆེན་བཟོ་ཚོང་ཅུའུ་ཏང་ཙུའུ་དང་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཅིས་ཀྱང་རང་རྟོགས་རང་འགུལ་སྔོན་དུ་སོང་བའི་སྒོ་ནས། སྐོར་ཞིབ་ལྟ་སྐུལ་བྱ་བ་ནི་མིག་སྔའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ཏེ། འགན་འཁྲི་ཕྲག་སྟེང་དུ་ལེན་ཕོད་པའི་ངང་རྒྱུད་དང་ཡིད་ཆེས་ཀྱིས་བརྟས་པའི་རེ་བ། རྒྱུན་འཁྱོངས་མཐའ་འཁྱོལ་གྱི་ཆོད་སེམས་བཅས་ཀྱི་ངོས་ནས། སྐོར་ཞིབ་ལྟ་སྐུལ་བྱ་བ་ཤུགས་ཆེན་པོས་སྤེལ་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།