ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཅུ་གསུམ་པ་བསྡུས་ནས། སྤྱི་བདེའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། སྤྱི་ཚོགས་བདེ་འགོད་ཚོད་འགོག་མ་ལག་འཛུགས་སྐྲུན། སྒྲིག་གཞི་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱས་ནས་གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ། མཚོ་སྔོན་སློབ་ཆེན་གྱི་ཕྱོགས་བསྡུས་བཅོས་བསྒྱུར་སོགས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧའོ་ཕིན་དང་། ཝང་ཅན་ཅོན་གཉིས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་རྒྱལ་ཡོངས་སྤྱི་ཚོགས་བདེ་འགོད་ཚོད་འགོག་མ་ལག་འཛུགས་སྐྲུན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་བདེ་འགོད་ཚོད་འགོག་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་གྲོས་གཞི་དང་སྤྱི་བདེའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་སྐོར་གྱི་ལག་བསྟར་གྲོས་གཞི་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བཅོས་བསྒྱུར་གྱི་སྙིང་སྟོབས་བཅངས་ནས་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་བྱས་པས། སྤྱི་ཚོགས་བདེ་འགོད་ཐད་ཀྱི་སྒྲིག་ལམ་སྤྱིའི་ཆ་ནས་ཇེ་ལེགས་སུ་སོང་བ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་གཏན་འཇགས་སུ་གྱུར་ལ། མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་ཡིད་ཚིམ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་ཟེར། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཚོགས་འདེ་འགོད་ཚོད་འགོག་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི། ཏང་ཀྲུང་དབྱང་གིས་གཏན་ཁེལ་བྱས་པའི་བཅོས་བསྒྱུར་ལས་འགན་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྡེ་ཁག་སོ་སོས་བསམ་པའི་གོ་རྟོགས་སྔར་ལས་ཇེ་མཐོར་བཏང་སྟེ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་དམིགས་འབེན་ལ་དམ་དུ་དམིགས་ནས། སྤྱི་ཚོགས་བདེ་འགོད་ཚོད་འགོག་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འཁོར་སྐྱོད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ལམ་ལུགས་དང་ཁྲིམས་སྲོལ་འཛུགས་སྐྲུན་འབུར་དུ་ཐོན་པ། སྤྱི་ཚོགས་ཀྱི་མཉམ་སྡེབ་ནུས་པ་འདོན་སྤྲོད་བྱས་ཏེ། འགུལ་རྣམ་ཅན་དང་ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་གི་སྤྱི་ཚོགས་བདེ་འགོད་གནས་བབ་ལ་ཚོད་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་དགོས་ཟེར། ཚོགས་ཐོག་ནས་བསྟན་དོན། སྤྱི་བདེའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་རྒྱུ་ནི་ཀྲུང་དབྱང་གིས་ཁྲིམས་འཛིན་སྒྲིག་གཞི་དང་སྤྱི་ཚོགས་སྒྲིག་གཞི་བཅོས་བསྒྱུར་གཅིག་གྱུར་སྒོས་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་ཆེན་པོ་ཡིན་པས། གནད་དོན་གྱི་ཁ་ཕྱོགས་འབུར་ཐོན་བྱེད་པ་དང་ནུས་པ་འཛུགས་སྐྲུན་ཐད་ཤུགས་འདོན་པ། རྒྱུན་མ་ཆད་པར་དེང་རབས་ཉེན་རྟོག་ལས་དོན་གྱི་སྒྲིག་སྲོལ་འཚོལ་ཞིབ་བྱེད་པ་དང་འཐུས་ཚང་དུ་གཏོང་བ། སྤྱི་བདེ་དཔུང་སྡེའི་དོ་དམ་སྒྲིག་གཞི་སྒྲིག་སྲོལ་བཅོས་བསྒྱུར་དང་གསར་སྐྲུན་བྱེད་པ། སྤྱི་བདེ་དཔུང་སྡེའི་སྒུལ་ཤུགས་སྔར་ལས་ཆེར་བསྐྱེད་དེ། ཉེན་རྟོག་བྱ་བའི་ཕན་ནུས་མཐོར་འདེགས་བྱེད་དགོས། ལག་བསྟར་གྲོས་གཞི་གཉིས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བཅོས་བསྒྱུར་གྱི་སྙིང་སྟོབས་མཚོན་པར་བྱས་ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་མཐུན། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། འཆར་གཞི་འགོད་པའི་ཐད་གཅིག་གྱུར་འཆར་འགོད་བྱེད་པ། བྱ་བའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། སྟོབས་ཤུགས་ཡོད་རྒུས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་དང་གཏན་འཇགས་སྲུང་སྐྱོབ་ཀྱི་རྨང་གཞི་བརྟན་པོ་བཏིས་སྟེ། སྤྱི་ཚོགས་ཧྲིལ་བོ་རྒྱུན་མཐུད་དེ་གཏན་འཇགས་སུ་གཏོང་བར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་སྒྲིག་གཞི་སྒྲིག་སྲོལ་ཐད་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་གསར་སྐྲུན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འཐབ་ཇུས་མྱུར་དུ་ལག་བསྟར་བྱེད་པའི་ལག་བསྟར་གྲོས་གཞི་ལ་ས་གྲོཞིབ་བྱས་པར་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་། ཚོགས་ཐོག་ནས་བསྟན་དོན། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གསར་སྐྲུན་དེ་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཀྱི་གོ་གནས་གཙོ་བོར་བཞག་ཡོད་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། སྲིད་གཞུང་གི་ནུས་པ་དང་ཚོང་རའི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་གཏན་ཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། གསར་སྐྲུན་ལ་བཀག་སྡོམ་བྱེད་པའི་བསམ་བློའི་བཀག་རྐྱེན་དང་ལམ་ལུགས་ཐད་ཀྱི་བཀག་རྐྱེན་ཡོད་ཚད་མེད་པར་བཟོས་ཏེ། ཚན་རྩལ་གསར་སྐྲུན་གཙོར་བྱས་པའི་ཁྱོན་ཡོངས་ཀྱི་གསར་སྐྲུན་དང་། ལག་རྩལ་གསར་བ་དང་ཐོན་ལས་གསར་བ། ལས་རྣམ་གསར་བ་བཅས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་དགོས། སྲིད་གཞུང་གི་ཞབས་ཞུ་དང་ཚོང་རའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་ལེགས་བསྒྱུར་བྱེད་པ་དང་། ལག་རྩལ་གསར་སྐྲུན་གྱི་ཚོང་རའི་ཁ་ཕྱོགས་སྒྲིག་སྲོལ་འཛུགས་པ། ཚན་རྩལ་དང་དངུལ་རྩ་གཉིས་ཟུང་སྦྲེལ་བྱེད་པར་ཤུགས་སྣོན་པ། ཚན་རྩལ་གྲུབ་འབྲས་སུ་བསྒྱུར་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། གསར་སྐྲུན་ལས་སྐྲུན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ཚན་རིག་ཞིབ་འཇུག་དང་གསར་སྐྲུན་ནུས་པ་མཐོར་འདེགས་བྱེད་པ་དང་། རིམ་པ་མཐོ་བའི་གསར་སྐྲུན་ལས་སྐྲུན་ཐད་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན་བྱེད་པ་དང་། སྒོ་འབྱེད་གསར་སྐྲུན་དང་མཉམ་ལས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རྩལ་གསར་སྐྲུན་གྱིས་སྣེ་ཁྲིད་བྱེད་པ། མི་ཀུན་གྱིས་ལས་སྐྲུན་དང་མི་ཚང་མས་གསར་སྐྲུན་བྱེད་པའི་སྲིད་ཇུས་ཁོར་ཡུག་དང་ལམ་ལུགས་ཁོར་ཡུག་གསར་སྐྲུན་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་དང་གསར་གཏོད་སྦས་ཤུགས་སྔོག་འདོན་བྱེད་དགོས་ཟེར།

ཚོགས་ཐོག་ནས་མཚོ་སྔོན་སློབ་ཆེན་གྱིས་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཕྱོགས་བསྡུས་དངོས་ཤུགས་མཐོར་འདེགས་བྱེད་པའི་ཐད་ཀྱི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། ཁྱད་ཆོས་འཕེལ་རྒྱས་དང་དོན་ལྡན་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། ཀུན་སྤྱོད་བཟང་བོ་འཛུགས་པ་དང་མི་སྐྱོང་རྒྱུ་དེ་རྩ་བར་བྱེད་པ་དང་། གསར་སྐྲུན་གྱིས་སྐུལ་འདེད་བྱེད་པར་འདེགས་སྐྱོར་བྱེད་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་རྒྱུ་དེ་ཁ་ཕྱོགས་སུ་བྱས་ཏེ། ཕྱོགས་བསྡུས་བཅོས་བསྒྱུར་ཟབ་སྤེལ་དང་ཕྱོགས་བསྡུས་དངོས་ཤུགས་མཐོར་འདེགས་བྱེད་པ་དང་། མཚོ་སྔོན་ལ་རྐང་འཛུགས་པ་དང་འཛམ་གླིང་ཡོངས་ལ་ཁ་གཏད་དེ། རྒྱལ་ནང་གི་མིང་གྲགས་ཆེ་བའི་དེང་རབས་སློབ་ཆེན་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་་ལྟའི་ཐད་ཀྱི་འབྲེལ་ཡོད་དོན་བྱར་ཞིབ་འཇུག་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།