ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན་ནས་ཚེས18ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བཅས་ཀྱིས་སྤྱི་ཚོགས་རོགས་སྐྱོར་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས། ཞིང་ཆེན་སྤྱི་ཚོགས་རོགས་སྐྱོར་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་མི་ལས་ཁུངས་སོ་སོ་དང་། ཁུལ་དང་གྲོང་ཁྱེར། རྫོང་དང་གྲོང་རྡལ་སྲིད་གཞུང་སོགས་དམངས་སྲིད་བྱ་བར་གཙོ་འགན་ཁུར་ཡོད་པའི་བློ་མཐུན་དང་། ཁུལ་དང་གྲོང་ཁྱེར་དམངས་སྲིད་ཅུའུ་ཡི་ཅི་ཀྲང་སོགས་བགྲོ་གླེང་འཛིན་གྲྭར་ཞུགས།

དམངས་སྲིད་པུའུ་དང་ནན་ཁའེ་སློབ་ཆེན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་སློབ་གསོ་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣ་དང་སློབ་དཔོན་ཆེན་པོ་དག་གིས《དེང་སྐབས་རང་རྒྱལ་གྱི་སྤྱི་ཚོགས་རོགས་སྐྱོར་བྱ་བའི་གནས་བབ་དང་ལས་འགན》དང《ཕྱི་རྒྱལ་གྱི་སྤྱི་ཚོགས་རོགས་སྐྱོར་ལམ་ལུགས་དང་བསྡུར་བ》དང《ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོར་བྱ་བའི་གནས་བབ་དང་རྗེས་མའི་འཕེལ་རྒྱས་བསམ་ཕྱོགས》སོགས་བརྗོད་དོན་དུ་བཟུང་ནས། སྤྱི་ཚོགས་རོགས་སྐྱོར་བྱ་བའི་དར་སྤེལ་དང་འཆར་འགོད། བྱེད་ཐབས་བཅས་ལ་འགྲེལ་བཤད་ལེགས་པོ་བྱས།  །

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།