ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན་གྱིས་ཟླ11པའི་དངུལ་གཏོང་དང་རྣམ་གྲངས་བཀོད་གཏོང་གྲོས་ཚོགས་བསྡུས་པ་དང་འགོ་འཛིན་བྱས། གྲོས་ཚོགས་ལས་ཟླ་དང་པོ་ནས་ཟླ10བར་གྱི་དངུལ་གཏོང་ལེགས་འགྲུབ་བྱུང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཐོག  དངུལ་གཏོང་དང་རྣམ་གྲངས་གཙོ་གནད་འཛུགས་སྐྲུན་བྱེད་པའི་རིམ་པ་གཉིས་པའི་ལྟ་ཞིབ་གནས་ཚུལ་བཅས་ལ་ཟུང་འབྲེལ་བྱས་ཏེ། གནས་བའི་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་། རྗེས་མའི་ཟླ་གཉིས་རིང་གི་དངུལ་གཏོང་ལས་འགན་ལ་བསམ་འཆར་བཏོན་པ་དང་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས། ཁུལ་དང་གྲོང་ཁྱེར་སྲིད་གཞུང་དང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག  ཁེ་ལས་གཙོ་གནད་ཁ་ཤས་ཀྱི་འགན་ཁུར་མི་སྣ། ཞིང་ཆེན་དངུལ་གཏོང་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་སོགས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ལས་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག ལས་ཁུངས་བཅས་ཀྱིས་ནན་ཏན་སྒོས་དེང་སྐབས་དངུལ་གཏོང་དང་རྣམ་གྲངས་བྱ་བའི་གནས་ཚུལ། གནད་དོན་སོགས་ལ་དབྱེ་ཞིབ་བྱས་ཏེ། རྗེས་མའི་ཟླ་གཉིས་རིང་གི་བྱ་བ་ལེགས་པོ་སྒྲུབ་པ་དང་ནུས་ཤུགས་ཡོད་དགུ་བཏོན་ནས་ལོ་འདིའི་དངུལ་གཏོང་དམིགས་འབེན་ལས་འགན་འགྲུབ་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།