ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་ཆེད་དོན་ཞིབ་འཇུག་བྱས། ཁོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ན། ནན་ཏན་སྒོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་དགོས་པ་དང་། དབུལ་སྐྱོར་མཁྲེགས་གཏོར་བྱ་བ་སྔར་ལས་བཟང་བོར་སྒྲུབ་པའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། དམིགས་འབེན་གྱི་ཁ་ཕྱོགས་རང་བཞིན་གང་ལེགས་སྒོས་འདོན་སྤེལ་བཟང་བོ་བྱེད་པ་དང་། དབུལ་སྐྱོར་མཁྲེགས་གཏོར་ཐོན་ཁུངས་དང་སྲིད་ཇུས་སྣ་ཚོགས་ལེགས་སྒྲིག་བྱེད་པ། གནད་ས་འབུར་དུ་ཐོན་པར་བྱེད་དགོས་པ་དང་། གནད་ཁེལ་དང་ཕྱོགས་བསྡུས་སྒོས་སྲིད་ཇུས་ལག་བསྟར་བྱས་ནས། དབུལ་སྐྱོར་མཁྲེགས་གཏོར་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་རྨང་གཞི་བཏིང་སྟེ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཆ་རྐྱེན་སྐྲུན་དགོས་པར་ནན་གྱིས་བསྟན།

ཧའོ་ཕིན་གྱིས་བསྟན་དོན། དབུལ་ཕོངས་གནད་དོན་ཐག་གཅོད་རྒྱུ་ནི་མཚོ་སྔོན་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མ་མཐའི་རེ་བ་ཡིན་ཞིང་། དགོས་གཏུག་གི་བསམ་པ་དང་འགན་ཁུར་གྱི་བསམ་པ་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།སྟོབས་ཤུགས་གཅིག་ཏུ་སྦྲེལ་ནས། གཏན་ལ་ཕབ་པའི་དམིགས་འབེན་ལྟར་དབུལ་སྐྱོར་མཁྲེགས་གཏོར་གྱི་ལས་འགན་གལ་ཆེན་དང་། བྱ་བའི་འཕེལ་རིམ་དང་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། ལོ་གཅིག་ནས་ལོ་གཉིས་ལ་སྔ་སྣུར་སྒོས་དབུལ་ཕོངས་ལས་ཐར་བའི་སྤྱིའི་དམིགས་འབེན་མངོན་འགྱུར་བྱེད་པར་དམ་པོར་དམིགས་ནས། དུས་ལྟར་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བ་དང་། དབུལ་ཕོངས་རྫོང་གི་དབུལ་ཕོངས་ཐག་གཅོད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་བསྟན་དོན། དེང་སྐབས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་སྡོད་ཁང་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་གནད་དོན་གཅིག་གྱུར་སྒོས་ཐག་གཅོད་བཟང་བོ་བྱེད་དགོས་ན། སྤྱི་པའི་ཞབས་ཞུའི་ཆུ་ཚད་དང་འཚོ་བའི་རྒྱུ་སྤུས་ཇེ་མཐོར་གཏོང་དགོས་པ་དང་། ནང་སྒོས་སུ་སློབ་གསོའི་དབུལ་སྐྱོར་ཐད་ལ་མཐོང་ཆེན་བྱས་ནས། དབུལ་ཕོངས་གནས་ཚུལ་རྩ་བ་ནས་མེད་པར་གཏོང་དགོས། ཡུལ་བབ་དང་བསྟུན་པའི་སྒོ་ནས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། སྤོ་བསྒྱུར་ལས་ཞུགས་སྐུལ་འདེད་གཏོང་བ། དཀའ་ཁག་མང་ཚོགས་དབུལ་ཕོངས་ལས་ཐར་བའི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་ནས། རྒྱུན་སྲིང་བརྟན་འཇགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་ཁག་ཐེག་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། དབུལ་སྐྱོར་ཐོན་ཁུངས་དང་སྲིད་ཇུས་སྔར་ལས་ལེགས་སྒྲིག་བྱས་ནས། དབུལ་སྐྱོར་བྱ་བའི་རྣམ་པ་ཆེན་པོ་ཆགས་པར་བྱེད་དགོས། སྲིད་ཇུས་ཕྱོགས་བསྡུས་ཀྱིས་ལག་བསྟར་བྱས་ནས། དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། རྣམ་པ་གསར་བའི་མཁར་གྲོང་ཅན་དང་། མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞང་སྡེ་འཛུགས་སྐྲུན་སོགས་དང་ཟུང་དུ་སྦྲེལ་དགོས། ནན་ཏན་སྒོས་དབུལ་སྐྱོར་དང་མ་མཐའི་འཚོ་བ་འགན་སྲུང་། སྨན་བཅོས་འགན་སྲུང་སོགས་འབྲེལ་ཡོད་སྲིད་ཇུས་ཀྱི་འབྲེལ་མཐུད་བྱ་བར་ཞིབ་འཇུག་བྱེད་དགོས། ནན་ཏན་སྒོས་དབུལ་སྐྱོར་འཆར་གཞི་དང་བྱ་བའི་ཇུས་གཞི་ཞིབ་འཇུག་གཏན་ཁེལ་བྱས་ནས། དབུལ་སྐྱོར་མཁྲེགས་གཏོར་ལས་འགན་དངོས་འབེབས་བྱས་ཏེ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་ཟེར། 

ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་ཡན་ཅིན་ཧེ་དང་ཁོན་ཡོང་། ཀའོ་ཧྭ་སོགས་གྲོས་ཚོགས་ལ་ཞུགས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།