ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི2015ལོའི་སྐོར་གཉིས་པའི་སྤྱི་ཚོགས་དངུལ་གཏོང་རྣམ་གྲངས་ཁྱབ་བསྒྲགས་བྱས། དེའི་ནང་ཆུ་བེད་དང་འགྲིམ་འགྲུལ། ནུས་ཁུངས་དང་རྒན་གསོ། རིག་གནས། ལས་ཞུགས་སོགས་མངའ་ཁོངས་ཀྱི་རྣམ་གྲངས50དང་མ་དངུལ་སྒོར་དུང་ཕྱུར500ལྷག་འདུས་པའི་རྣམ་གྲངས་སྤྱི་ཚོགས་སྟེང་ལ་འདོན་སྤྲོད་བྱས་པ་དང་། རྒྱ་ཆེའི་དམངས་ཁྲོད་ཀྱི་དངུལ་གཏོང་མཁན་ལ་གོ་སྐབས་ལེགས་པོ་ཞིག་འདོན་སྤྲོད་བྱས་པ་རེད།

རྒྱལ་ཁབ་ཀྱིས་དངུལ་གཏོང་ལམ་ལུགས་གསར་སྐྲུན་དང་སྤྱི་ཚོགས་དངུལ་གཏོང་ལ་སྐུལ་འདེད་བྱེད་པའི་སྤྱིའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། སྔར་ལས་ལྷག་པར་མ་དངུལ་བསྡུ་བའི་བགྲོད་ལམ་ཇེ་ཡངས་སུ་གཏོང་བ་དང་། དངུལ་གཏོང་རྣམ་གྲངས་སྣ་མང་ཅན་དུ་གཏོང་བ། སྤྱི་ཚོགས་དངུལ་གཏོང་བཅས་ལ་སྐུལ་འདེད་བྱེད་ཆེད། རང་ཞིང་གིས་བཀོད་སྒྲིག་བྱས་པ་ལྟར། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཟླ6པའི་ནང2015ལོའི་སྐོར་དང་པོའི་སྤྱི་ཚོགས་དངུལ་གཏོང་རྣམ་གྲངས85ཁྱབ་བསྒྲགས་བྱས་པའི་རྨང་གཞིའི་སྟེང་། ཉེ་ལམ་སྤྱི་ཚོགས་སྟེང་ལ་སྐོར་གཉིས་པའི་སྤྱི་ཚོགས་དངུལ་གཏོང་རྣམ་གྲངས50ཁྱབ་བསྒྲགས་བྱས་པ་དང་དེ་དག་སོ་སོ་ཆུ་བེད་དང་འགྲིམ་འགྲུལ། ནུས་ཁུངས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས། གནས་སྐོར་དང་སྐྱེ་ཁམས་ཁོར་ཡུག་སོགས་འདུས་པ་ལས་གཞན། ད་དུང་རྒན་གསོ་དང་རིག་གནས། ལས་ཞུགས་སོགས་མངའ་ཁོངས་སུ་རྒྱ་བསྐྱེད་པ་རེད།   ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།