ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་སྡེ་ཁག་གི་ལག་རྩལ་མི་སྣས་འཛུགས་སྒྲུབ་ཡོངས་འགྲུབ་བྱས་པའི། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ནས་མིས་ཐབས་ཀྱིས་ཆར་འབེབས་པའི་ཕྱོགས་བསྡུས་བཟོ་སྐྲུན་ཏེ་གློག་འཁྱུག་ཐོག་རྒྱག་གི་ལྟ་ཞིབ་ཚད་ལེན་མ་ལག་གསར་བ་འཛུགས་པའི་ལས་འགན་ཡོངས་འགྲུབ་བྱས། གསར་དུ་བསྐྲུན་པའི་གློག་འཁྱུག་ཐོག་རྒྱག་ལ་བརྟག་པའི་ས་ཚིགས་ལྔ་དང་། སྔར་ཡོད་གློག་འཁྱུག་ཐོག་རྒྱག་ལ་བརྟག་པའི་ས་ཚིགས་བཅུ། ས་ཚིགས་གཙོ་བོ་གཅིག་བཅས་ཀྱིས་མཉམ་དུ་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་གློག་འཁྱུག་ཐོག་རྒྱག་ལ་ཚད་ལེན་བྱེད་ཀྱིན་ཡོད། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་ཐད་ཕན་ནུས་གལ་ཆེན་ཐོན་ཐུབ་པར་མ་ཟད། མཚོ་སྔོན་ཤར་རྒྱུད་ཀྱི་གནམ་གཤིས་གནོད་འགོག་གི་དགོས་མཁོ་བསྐོང་ཐུབ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།