ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་གྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་ལམ་ཀྲུང་གོ་ནགས་ར་མཐུན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་སྨར་ཁོག་ནགས་ལས་ཁང“རྒྱལ་ཡོངས་ཀྱི་ནགས་ར་ཆེས་བཟང་བོ་བཅུའི་ཁྲོད་དུ་བདམས་པ་མ་ཟད་གཟེངས་བསྟོད་བྱས།

སྨར་ཁོག་ནགས་ལས་ཁང་གི་མིང་ལ་སྔོན་ཆད་སྨར་ཁོག་ནགས་ར་ཞེས་ཟེར་བ་དང་། གཅིག་སྟོང་དགུ་བརྒྱ་རེ་ལྔ་ལོར་བཙུགས་ཤིང་། ནགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིངས་འབུམ་གཅིག་དང་སྟོང་གཅིག་ལྷག་དང་། ནགས་ལས་ཀྱི་རྩྭ་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་བདུན་དང་བཞི་བརྒྱ་དང་རེ་གསུམ་ལྷག་བཀོལ་སྤྱོད་བྱེད་བཞིན་པ་དང་། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་ང་དགུ་དང་གྲངས་ཆུང་དྲུག་ལྷག་ཏུ་སླེབས། སྨར་ཁོག་ནགས་ལས་ཁང་གིས་མཚོ་སྔོན་གྱི་རྒྱལ་དབང་ནགས་ར་བརྒྱ་ལྷག་གི་ཚབ་བྱས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ནགས་ཁུལ་དང་། ས་ཆུ་ཤོར་བའི་ས་ཁུལ་དང་བྱེ་རླུང་གཡུག་སའི་ས་ཁུལ་དུ་ཁྱབ་ཅིང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ཀྱི་འགན་ཆེན་པོ་ཁུར་ཡོད་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་ཆེས་བཟང་བོར་དོ་དམ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།