ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྲིད་གྲོས་གནས་ཚུལ་ལ་བརྡ་ཁྱབ་གཏོང་བའི་ཚོགས་འདུ་བསྡུས་པ་དང་། ཚོགས་ཐོག་ནས“ལོ་ལྔའི་ཚན་བཅུ་གསུམ་པའི”དུས་སྐབས་ཀྱི་བྱ་བ་གཙོ་བོ་དང་ལས་གཞི་གཙོ་བོ། འགན་ཁུར་གཙོ་བོ་བཅས་ཀྱི་བརྡ་ཁྱབ་ནང་དོན་ལ་ཉན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཝང་ཅིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་དང་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བཅའ་སྡོད་ཚན་གཙོ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སོ་སོ། ཆེད་བསྐོས་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ཁོངས་མི་ཡོངས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན། གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་སོགས་ཐེངས་འདིའི་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་། སློབ་གསོ་ཐིན། དམངས་སྲིད་ཐིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཕྱུགས་ཐིན། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ལས་ཁུངས་བརྒྱད་ཀྱི་བློ་མཐུན་གྱིས་མཚོ་སྔོན་གྱི“ལོ་ལྔའི་ཚན་བཅུ་གསུམ་པའི”པའི་གནད་འགག་བྱ་བའི་འཆར་གཞིར་བརྡ་ཁྱབ་སྤེལ། འཆར་འགོད་བྱ་བའི་བསམ་བློ་མངོན་གསལ་དོད་པོ་ཅན་དང་བྱ་བའི་གཙོ་གནད་འབུར་ཐོན་ཅན། འབྲེལ་ཡོད་རྒྱུ་ཆ་ཞིབ་གསལ་བདེན་ཤས་ཆེ་བ། ནང་དོན་ཞིབ་ཆ་དོད་པ། དམིགས་འབེན་མངོན་གསལ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན། གྲོས་ཚོགས་སུ་ཞུགས་མཁན་བློ་མཐུན་རྣམས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་ལས་རིགས་སོ་སོའི་བྱ་བའི་འཆར་འགོད་གནས་ཚུལ་ལ་རྒྱུས་ལོན་ཡང་དག་བྱས་པར་མ་ཟད། ད་དུང་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་མ་འོངས་བའི་ལོ་ལྔའི་རིང་ཁ་གཏད་རང་བཞིན་གསལ་བའི་སྒོ་ནས་ལས་དོན་ཅི་ཡོད་སྤེལ་ནས། རང་འཁྲིའི་འགན་ཁུར་འཕྲལ་སྒྲུབ་ཡོང་བར་ཆ་རྐྱེན་གསར་བ་བསྐྲུན།

གྲོས་ཚོགས་ལས་ སྲིད་གྲོས་ཚོགས་འདུར་ཞུགས་མཁན་ལས་ཁུངས་ཁག་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྲིད་གྲོས་བྱ་བར་རྒྱུས་མངའ་ཡང་དག་ལོན་པའི་རྨང་གཞིའི་སྟེང་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བྱ་བ་དངོས་དང་དམ་དུ་སྦྲེལ་ནས། “ལོ་ལྔའི་ཚན་བཅུ་གསུམ་པའི”བདེ་ལེགས་ངང་སྤེལ་བར་བྱས་རྗེས་འཇོག་དགོས་བའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།