ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་ཐེངས་ལྔ་བའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་ནས་བཟུང་། རང་ཞིང་གིས“སྤྱི་ལ་ཁྱབ་པ་དང་རྩ་བ་འཛིན་པ། རིམ་པ་མང་བ་དང་རྒྱུན་མཐུད་རང་བཞིན་པའི”རྩ་དོན་ལྟར། མུ་མཐུད་དུ་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་ནོར་སྲིད་ཕྱོགས་ཀྱི་གཏོང་ཚད་ཇེ་མང་དུ་བཏང་བ་སོགས་འགན་སྲུང་ཆུ་ཚད་མཐོར་འདེགས་བྱུང་བར་འབད་པ་བྱས། ལོ་ལྔའི་ནང་དུ་ཞིང་ཆེན་ནོར་སྲིད་ཀྱིས་བོད་ཁུལ་གྱི་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སྨན་བཅོས་འཕྲོད་བསྟེན་སོགས་ལ་སོ་སོ་སྒོར་དུང་ཕྱུར194.81དང་སྒོར་དུང་ཕྱུར17.87། སྒོར་དུང་ཕྱུར39.95བཅས་བཏང་ཡོད་པས། བོད་ཁུལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་ཐད་མཆོང་བརྒལ་གསར་བ་བྱུང་།

འགན་སྲུང་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་། རང་ཞིང་གིས་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང2011ལོར་མཁར་གྲོང་གི་སྡོད་དམངས་རྒན་གསོ་ཉེན་བཅོལ་ལམ་ལུགས་བཙུགས་ཏེ། བོད་ཁུལ་མཁར་གྲོང་སྡོད་དམངས་ཀྱི་རྒན་གསོ་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་། དུས་མཚུངས་སུ་བོད་ཁུལ་གྱི་བགྲེས་པོར་བྱམས་སྐྱོང་ལམ་ལུགས་བཙུགས་པ་དང་ལོ65ཡན་ལ་སོན་ཡོད་པའི་བགྲེས་པོ་ལུས་པོར་ཞིབ་བཤེར་དང་ལོ70ཡན་ལ་སོན་ཡོད་པའི་བགྲེས་པོ་ལ་ཁ་གསབ་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས། 2012ལོར་མཁར་གྲོང་སྡོད་དམངས་ཀྱི་ལྗིད་ནད་ཉེན་བཅོལ་ལམ་ལུགས་བཙུགས་པ་དང་སྔར་ལས་ལྷག་པར་བོད་ཁུལ་གྱི་ལྗིད་ནད་ཕོག་པའི་ནད་པར་སྨན་བཅོས་འགན་སྲུང་བྱེད་པའི་ཆུ་ཚད་མཐོར་འདེགས་སུ་བཏང་།

འགན་སྲུང་གི་མི་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་འགན་སྲུང་གི་ལམ་ལུགས་རང་བཞིན་འཐུས་ཚང་དུ་འགྲོ་བཞིན་པ་དང་བསྟུན། རང་ཞིང་གི་སྤྱི་ཚོགས་འགན་སྲུང་མི་གྲངས་མགྱོགས་མྱུར་ངང་ཇེ་མང་དུ་འགྲོ་བཞིན་ཡོད། དང་པོར་རྒན་གསོ་ཉེན་བཅོལ་ལམ་ལུགས་སྤྱི་ཚོགས་ཡོངས་ལ་ཁྱབ་པ་དང་། 2014ལོའི་ལོ་མཇུག་བར་བོད་ཁུལ་གྱི་ལས་བཟོ་བ་དང་མཁར་གྲོང་གི་སྡོད་དམངས་རྒན་གསོ་ཉེན་བཅོལ་ལམ་ལུགས་ནང་ཞུགས་མཁན་སོ་སོ་ཁྲི31.92དང་ཁྲི81.94བཅས་ཡིན་པས། 2010ལོ་དང་བསྡུར་ན་སོ་སོ30དང101%འཕར་ཡོད། གཉིས་པ་ནི་དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད་པ། ལས་བཟོ་བའི་སྨན་བཅོས་འགན་སྲུང་དང་མཁར་གྲོང་སྡོད་དམངས་སྨན་བཅོས་འགན་སྲུང་ལམ་ལུགས་ནང་ཞུགས་མཁན་ཁྲི180ཡན་ལ་ཟིན་ཡོད་པས། སྤྱིའི་ཞུགས་ཚད་ཀྱི95%ཡན་ལ་སླེབས་ཡོད། གསུམ་པ་ནི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ལས་ཕན་ཁེ་ཐོབ་པའི་མང་ཚོགས་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ། ཞིང་སྡེའི་ཁང་རྙིང་ལེགས་བསྒྱུར་ལག་བསྟར་བྱས་ཏེ། བོད་ཁུལ་གྱི་དབུལ་ཕོངས་དུད་ཁྱིམ་ཁྲི6.55ཡི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པ་དང་། རོང་འབྲོག་པ་མང་ཚོགས་ཁྲི8.5ཡི་སྡོད་ཁང་གི་ཆ་རྐྱེན་ལེགས་བསྒྱུར་བྱས།

འགན་སྲུང་ཆུ་ཚད་མཐོར་འདེགས་སོང་བ་མངོན་གསལ་རེད། སྤྱི་ཚོགས་འགན་སྲུང་ཆུ་ཚད་བདེ་བླག་ངང་མཐོར་འདེགས་སོང་བ་བརྒྱུད། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་བ་སྔར་ལས་ཇེ་ཟབ་རེད། གཅིག་རྒན་གསོ་ཉེན་བཅོལ་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་བ་དང་། ལོ་རེའི10%ཡི་འཕར་སྣོན་ལྟར་ཁེ་ལས་ལས་བཟོ་བའི་རྒན་གསོ་ཉེན་བཅོལ་ཆུ་ཚད་མཐོར་འདེགས་སུ་གཏོང་བཞིན་ཡོད་ལ། གཉིས་པ་ནི་སྨན་བཅོས་འཕྲོད་བསྟེན་ཕྱོགས་ཀྱི་མ་དངུལ་ཧྲག་བསྡུ་དང་འགན་སྲུང་ནུས་ཤུགས་སྔར་ལས་མཐོར་འདེགས་བྱུང་བ། གསུམ་པ་ནི་དབུལ་ཕོངས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་འགན་སྲུང་ཚད་གཞི་སྔོན་ལས་ཇེ་མཐོར་སོང་ཡོད་པ་དང་། གྲོང་ཁྱེར་དང་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཆ་སྙོམས་ཀྱི་སོ་སོ2010ལོ་ལོ་མཇུག་བར་གྱི་སྒོར210དང་སྒོར100ནས། ད་ལྟའི་སྒོར370དང་སྒོར200ཇེ་མཐོར་བཏང་།   །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།