ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚན་ཁག་གིས་ཐུན་མོང་སློབ་ཁྲིད་གྲ་སྒྲིག་ཚོགས་འདུ་ཐེངས་དང་པོ་བསྡུས་ཏེ། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱ་བར་བཏོན་པའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་བྱས་པ་མ་ཟད། ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་སྒྲོག་འགྲེལ་བྱ་བའི་ཐད་བཏོན་པའི་བླང་བྱ་དང་མཛུབ་སྟོན་བརྒྱུད་སྒྲོག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། དྲིལ་སྒྲོག་པུའུ་ཀྲང་ཀྲང་ཞི་མེན་གྱིས་ཚོགས་ཐོག་ནས་གཏམ་བཤད།

ཀྲང་ཞི་མེན་གྱིས་སྒྲོག་འགྲེལ་ལས་སྒོ་སྤེལ་བ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་བཏོན་པའི་དགོངས་དོན་གལ་ཆེན་ལ་གོ་བ་ཡང་དག་ལེན་པ་དང་། འགན་འཁྲི་ཚད་མཐོན་པོའི་ངོས་ནས་སྒྲོག་འགྲེལ་བྱ་བ་བཟང་བོར་བསྒྲུབ་དགོས། ལྷག་ལུས་གོ་འཛོལ་མེད་པའི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གནད་ཐིངས་བྱས་ནས། དགོངས་དོན་ལ་སློབ་སྦྱོང་བྱས་པའི་སློབ་ཁྲིད་ཟིན་བྲིས་བཏབ་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོལ་བྱེད་དགོས། དངོས་ཡོད་གནས་ཚུལ་དང་དམ་པོར་འབྲེལ་བ་དང་བསམ་བློ་དང་སྦྱོར་བ་གཉིས་གཞི་གཅིག་ཏུ་སྦྲེལ་དགོས་པར་ནན་གྱིས་བསྟན།

ཀྲང་ཞི་མེན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་བསྡུ་ལ་ཉེ་བའི་སྐབས་འདིར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་དེ་བརྒྱུད་སྒྲོག་ཤུགས་ཆེན་བྱེད་རྒྱུ་ནི། མཚོ་སྔོན་གྱི་མ་འོངས་པའི་ལས་སྒོ་ཡོད་ཚད་ལ་རྨང་གཞི་བརྟན་པོ་འདིང་བའི་ལས་དོན་རླབས་ཆེན་ཞིག་ཡིན་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།