ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ་དང་། དྲང་གཞག་དང་དཔལ་ཡོན་སྒོས་ཁྲིམས་འཛིན་པ། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཞུ་གཏུག་དང་སྲིད་འཛིན་བསྐྱར་གྲོས་གྱོད་གཞི། སྲིད་འཛིན་ཁྲིམས་འཛིན་དང་གཏུག་བཤེར་ཁྲོད་བྱུང་བའི་སྲིད་འཛིན་ཁྲིམས་འཛིན་བྱ་བའི་ཐད་གནས་བའི་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་སྔར་ལས་ཚད་ལྡན་དུ་གཏོང་ཆེད། ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བཅའ་ཁྲིམས་གཞུང་སྒྲུབ་ཁང་དང་ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་མཉམ་འབྲེལ་སྒོས་དུས་ཡུན་ཉིན་བདུན་རིང་གི་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར་སྤེལ།

ལྟ་ཞིབ་ཚན་ཆུང་དེ་ཞིང་ཆེན་སྲིད་གྲོས་དང་ཞིང་ཆེན་སྲིད་གཞུང་བཅའ་ཁྲིམས་གཞུང་སྒྲུབ་ཁང་། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་གནས་སྐོར་ཅུའུ། མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་དོ་དམ་ཅུའུ་སོགས་སྡེ་ཁག་གི་ལས་བྱེད་མི་སྣ་དང་འབྲེལ་ཡོད་ཆེད་ལས་ཁྲིམས་རྩོད་པ། ཞིབ་བཤེར་བྱེད་ཡུལ་ས་ཁུལ་གྱི་སྲིད་གཞུང་གི་ཁྲིམས་ལུགས་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་མི་སྣའི་གྲུབ་པ་དང་། གཙོ་བོར་མིག་སྔར་མང་ཚོགས་ཀྱི་ཡོངས་ཁྱབ་ཏུ་དོ་སྣང་བྱེད་པ་དང་ཚུར་སྣང་མཐོ་བའི་སྲིད་འཛིན་བཙན་བཤིག དངོས་གཉེར་དོ་དམ་སྡེ་ཁག་དང་ཁེ་ལས་ཀྱི་ལྟ་སྐུལ་དོ་དམ། གནས་སྐོར་ལྟ་སྐུལ། གྲོང་ཁྱེར་དོ་དམ་ཁྲིམས་འཛིན་སོགས་སྲིད་འཛིན་ཁྲིམས་འཛིན་བྱ་འགུལ་ཁྲོད་ཀྱི་ཁྲིམས་ལྟར་འགན་ནུས་སྒྲུབ་པ་དང་། ཁྲིམས་བཀོད་རྒྱུད་རིམ་བརྩི་སྲུང་བྱེད་པ། དོན་དངོས་གཏན་ཁེལ་དང་བརྟག་བཤེར་བྱས་ནས་བདེན་དཔང་འཚོལ་བ། བཅའ་ཁྲིམས་བཀོལ་སྤྱོད་བྱེད་པ་སོགས་ཀྱི་འབྲེལ་ཡོད་སྲིད་འཛིན་གནས་ཚུལ་དང་ཁྲིམས་ནན་མོར་འཛིན་པ་དང་དྲང་གཞག་དཔལ་ཡོན་སྒོས་ཁྲིམས་འཛིན་པའི་གནས་ཚུལ་ཐད་ལྟ་ཞིབ་བྱེད་རྒྱུ་རེད།

ལྟ་ཞིབ་ཚན་ཆུང་གིས་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་ཡིག་ཆར་བལྟ་ཀློག་བྱེད་པ། ཁྲིམས་འཛིན་གྱོད་གཞིའི་ཡིག་སྒྲིལ་ལ་འཐེན་ཞིབ་བྱེད་པ། གནས་ཚུལ་བརྗེ་རེས་བྱེད་པ། སྲིད་འཛིན་བྱེད་ཡུལ་གྱི་མི་གདན་ཞུ་བྱས་ནས་གླེང་མོལ་བྱེད་པ། མང་ཚོགས་ཀྱི་ཁྲིམས་འཛིན་ཞུ་གཏུག་ཐག་གཅོད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ་ལྟ་ཞིབ་བྱས།

ཐེངས་འདིར་ལྟ་ཞིབ་བྱེད་པའི་ས་ཁུལ་ནི་ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་ཡིན་པ་དང་། ལྟ་ཞིབ་མཇུག་འབྲས་དེ་ཡི་གེར་ཕབ་ནས་ཞིང་ཆེན་ཡོངས་ལ་ཁྱབ་བསྒྲགས་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།