ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་གསུམ་འཛུགས་སྐྲུན་བྱེད་པའི་བྱ་བའི་ཁྲོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་ཏང་ཨུས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་བྱེད་ཆེད། སྡེ་བ་དང་གཞིས་ཁུལ་བཅུ་བདུན་གྱི་ཕྱོགས་བསྡུས་ཞབས་ཞུ་གཞུང་སྒྲུབ་ལྟེ་གནས་སུ་སྡེ་དོན་དམངས་སེམས་སྒྲོག་བྱང་ལས་ནས། སྒྲོག་བྱང་བརྒྱུད་དེ་མང་ཚོགས་ཀྱི་བསམ་འཆར་གྲོས་གཞི་བསྒྲུབས་པའི་མཇུག་འབྲས་ཕྱིར་བསྒྲགས་པ་དང་། རང་རྟོགས་སྒོས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། སྡེ་བའི་ལས་བྱེད་པ་དང་ཏང་ཡོན་གྱི་སྤྱོད་ཚུལ་བསྒྱུར་བ་དང་དོན་དངོས་བསྒྲུབ་པར་སྐུལ་འདེད་བྱས་པས། མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ།

སུམ་མདོ་གྲོང་རྡལ་གྱི་སྡེ་བ་དང་གཞིས་ཁུལ་སོ་སོས་མང་ཚོགས་ཀྱིས་བཏོན་པའི་ཐོན་སྐྱེད་འཚོ་བ་དང་སྡེ་བའི་ཁོར་ཡུག་བཅོས་སྐྱོང་བྱེད་པ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། རྩོད་གཞི། ལས་བྱེད་པའི་སྤྱོད་ཚུལ་སོགས་ཕྱོགས་ཀྱི་གནད་དོན་དང་བྱ་བར་ཁ་གཏད་དེ། བྱེད་ཐབས་སྣ་མང་སྤྱད་དེ་བསམ་འཆར་བསྡུ་ལེན་བྱས་པ་དང་། ཕྱོགས་བསྡུས་ལེགས་སྒྲིག་བྱས་པ་བརྒྱུད་དེ་ལས་དོན་སྒྲུབ་པའི་བྱ་བའི་རྩིས་ཐོ་བཙུགས་པར་མ་ཟད་འཐུས་ཚང་དུ་བཏང་། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་གཉིས་ཀྱིས་གྲོས་ཚོགས་བསྡུས་ནས། ཆེད་དུ་བསྡུ་ལེན་བྱས་པའི་བསམ་འཆར་དང་གྲོས་གཞི་ལ་ཞིབ་འཇུག་བྱས་པ་དང་། ཐག་གཅོད་བྱེད་ཐབས་འདོན་པ་དང་དུས་བཅད་གཏན་ཁེལ་བྱས་ལ། དུས་ཚོད་གཏན་ཁེལ་དང་མི་གཏན་ཁེལ། འགན་འཁྲི་གཏན་ཁེལ་བྱེད་པ་དང་དུས་ལྟར་གོང་རིམ་ལ་ཡར་ཞུ་བྱེད་པ་དང་། དུས་ལྟར་རྗེས་འདེད་བྱེད་པ། དུས་ལྟར་ཕྱིར་ལན་འདེབས་པའི་ལམ་ལུགས་ལག་བསྟར་བྱས་པ་དང་། དེའི་གོ་རིམ་ཧྲིལ་བོར་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གནད་དོན་ཡོངས་རྫོགས་ལ་ལན་གསལ་བོ་འདེབས་པ་དང་བསྒྲུབ་ཐུབ་པར་ཁག་ཐེག་བྱས། བསམ་འཆར་དང་གནད་དོན་སྒྲུབ་པའི་མཇུག་འབྲས་དུས་ལྟར་སྡེ་དོན་དང་མང་ཚོགས་ཀྱི་བསམ་འཆར་སྒྲོག་བྱང་སྟེང་ཕྱིར་བསྒྲགས་ནས། མང་ཚོགས་ཀྱིས་བསམ་འཆར་སྒྲུབ་པའི་མཇུག་འབྲས་ལ་གདེང་འཇོག་དང་ལྟ་སྐུལ་བྱེད་དུ་བཅུག་པ་དང་། དུས་ལྟར་སྒྲུབ་མ་ཐུབ་པའི་བྱ་བར་འོས་འཚམ་གྱིས་ལན་གསལ་བོ་བཏབ་ནས། བྱ་བ་རེ་རེ་སྒྲུབ་ཐུབ་པ་དང་བྱ་བ་རེ་རེར་ལན་གསལ་བོ་འདེབས་པར་ཁག་ཐེག་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།