ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཚོགས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་གྲོས་ཚོགས་ཀྱི་དགོངས་དོན“ཞིང་ཆེན་ཡོངས་ལ་ཁེབས་པར་བྱེད་པ་དང་། གཞི་རྩར་འགན་སྲུང་བྱེད་པ། རིམ་པ་མང་བ། རྒྱུད་མཐུད་འཕེལ་རྒྱས”བཅས་གཞི་རྩའི་རྩ་དོན་གཞིར་བཟུང་ནས། རྒྱུན་མཐུད་ཀྱིས་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནོར་སྲིད་དངུལ་གཏོང་ཐད་ལ་ཤུགས་སྣོན་པ། ཧུར་བརྩོན་གྱིས་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་། ལོ་ལྔའི་ནང་དུ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་བོད་ཁུལ་གྱི་སྤྱི་ཚོགས་འགན་སྲུང་བྱ་བ་བསྒྲུབས་ནས། ལས་ཞུགས་དང་འཕྲོད་བསྟེན་ཕྱོགས་ལ་སོ་སོར་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དགུ་དུང་ཕྱུར་བཞི་བྱེ་བ་བརྒྱད་ས་ཡ་གཅིག་དང་། ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་བྱེ་བ་བརྒྱད་ས་ཡ་བདུན། ཐེར་འབུམ་གསུམ་དང་དུང་ཕྱུར་དགུ་བྱེ་བ་དགུ་ས་ཡ་ལྔ་བཅས་བཏང་། དེ་དག་གི་སྤྱིའི་གྲངས་ཀ་ཡར་སྔོན་གྱི་ལོ་ལྔ་ལས་ལྡབ་བདུན་གྱིས་འཕར་ནས། བོད་ཁུལ་སྤྱི་ཚོགས་འགན་སྲུང་མ་ལག་མངོན་གསལ་གྱིས་ཐོལ་བརྒལ་བྱུང་།

མཚོ་སྔོན་ཞིང་ཆེན་གྱིས་ཤུགས་ཆེན་པོས་སྤྱི་ཚོགས་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཉིས་སྟོང་བཅུ་གཅིག་ལོར། མཁར་གྲོང་སྡོད་དམངས་རྒན་གསོའི་ཉེན་ཚབས་ལམ་ལུགས་འཛུགས་སྐྲུན་བྱས་ནས། བོད་ཁུལ་མཁར་ཞང་གི་སྡོད་དམངས་ཀྱི་རྒན་གསོའི་འགན་སྲུང་མ་ལག་གི་མི་འདང་སར་ཁ་གསབ་བྱས། དེ་དང་མཉམ་དུ། བོད་ཁུལ་གྱི་རྒན་པར་བརྩེ་སེམས་འབུལ་བའི་སྒྲིག་གཞི་འཛུགས་སྐྲུན་བྱས་ནས། ལོ་དྲུག་ཅུའི་ཡན་གྱི་རྒན་པར་ལུས་ཕུང་ཞིབ་བཤེར་བྱེད་པ་དང་། ལོ་བདུན་ཅུའི་ཡན་གྱི་རྒན་པར་ཁ་གསབ་སྲིད་ཇུས་སྟེར་བའི་སྲིད་ཇུས་ལག་བསྟར་དངོས་འབེབས་བྱས། ཉིས་སྟོང་བཅུ་གཉིས་ལོར། མཁར་ཞང་སྡོད་དམངས་ཀྱི་ཚབས་ཆེ་བའི་ནད་པའི་ཉེན་ཚབས་ལམ་ལུགས་འཛུགས་སྐྲུན་ནས་མགོ་བརྩམས་ཏེ། བོད་ཁུལ་གྱི་ནད་པ་ལྕི་མོའི་སྨན་བཅོས་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་། ཉིས་སྟོང་བཅུ་གསུམ་ལོར། ནད་རིགས་མྱུར་སྐྱོབ་ལམ་ལུགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། དམིགས་བསལ་ཅན་གྱི་ནད་པར་སྨན་རིན་ཁ་གསབ་རོགས་དངུལ་བྱིན། ཉིས་སྟོང་བཅུ་བཞི་ལོར། མཁར་ཞང་སྡོད་དམངས་ཀྱི་རྒན་གསོའི་ཉེན་ཚབས་ལམ་ལུགས་གཅིག་གྱུར་བྱས་ནས། ལས་དོན་ལས་ཁུངས་ཀྱི་ཉེན་ཚབས་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱས་ནས། ཁྱོན་ཡོངས་ནས་གནས་སྐབས་ཀྱི་མྱུར་སྐྱོབ་ལམ་ལུགས་འཛུགས་སྐྲུན་བྱས། ལོ་མང་པོའི་རིང་ལ་ཧུར་བརྩོན་བྱས་པ་བརྒྱུད། སྤྱི་ཚོགས་ཉེན་ཚབས་དང་། སྤྱི་ཚོགས་མྱུར་སྐྱོབ། གཞི་རྩའི་རྒན་གསོ། གཞི་རྩའི་སྨན་བཅོས། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་བཅས་གཙོ་བོར་བཟུང་ནས། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་སྒྲིག་གཞི་བོད་ཁུལ་དུ་ཆགས་པར་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།