ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གནས་སྐོར་འཕེལ་རྒྱས་ཚོགས་ཆེན་སྟེང་ཤེས་གསལ་ལྟར་ན། 《ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གནས་སྐོར་བཅོས་བསྒྱུར་འཕེལ་རྒྱས་ལག་བསྟར་བྱེད་པའི་བསམ་འཆར》ལས་བཏོན་པའི་སྤྱིའི་བླང་བྱ་ལྟར། 2020ལོར་ཟི་ལིང་གྲོང་ཁྱེར་གྱི་གནས་སྐོར་མི་གྲངས་དང་གནས་སྐོར་ཡོང་སྒོ་འཕར་བའི་དམིགས་འབེན་ལེགས་འགྲུབ་འབྱུང་ངེས་ལ། གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི2800སྣེ་ལེན་བྱས་པ་དང་། གནས་སྐོར་ཐད་ཀྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར380ལེགས་འགྲུབ་འབྱུང་ངེས།

ལག་བསྟར་བྱེད་པའི་བསམ་འཆར་ལྟར། གནས་སྐོར་ཐོན་ཁུངས་ནི་རིམ་པ་མང་པོའི་དོ་དམ་ལས“རིམ་པ་གཅིག”ལ་བསྒྱུར་བ་དང་། གནས་སྐོར་ཐོན་རྫས་ཕྱོགས་ནས་སྲོལ་རྒྱུན་གྱི་གནས་སྐོར་ལྗོངས་རྒྱུ་ལས་གུང་གསེང་གཏོང་བ་དང་རོལ་རྩེད་རོལ་མྱོང་དུ་བསྒྱུར་བ། གནས་སྐོར་ཞབས་ཞུ་ཕྱོགས་ནས་རིམ་པ་དམའ་བའི་རྣམ་གྲངས་གཅིག་པུའུ་ལས་ཞིབ་ཚགས་ཅན་ཏུ་བསྒྱུར་བ་སོགས་མུ་མཐུད་ནས“ཀྲུང་གོའི་བསིལ་ལྡན་གྲོང་ཁྱེར”ཞེས་པའི་གནས་སྐོར་མིང་རྟགས་གསར་སྐྲུན་བྱས་པ་བརྒྱུད། གནས་སྐོར་བརྡ་འཕྲིན་ཅན་དང་ཚད་ལྡན་ཅན། ཁྱད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། གནས་སྐོར་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་དར་སྤེལ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་གཙོ་གནད་ཞིག་དང་མི་དམངས་མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་དེང་རབས་ཞབས་ཞུ་ལས་རིགས་ཞིག་ཏུ་གྱུར་བར་འབད་པ་བྱེད་རྒྱུ་རེད།  །  

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།