ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་ཚན་བཅུ་གཉིས”པ་ནས་བཟུང་། མཚོ་སྔོན་གྱིས་བྱེ་འགོག་བྱ་བ་ཁྲོད“རྒྱུན་འཁྱོངས་ལྔ”ལག་བསྟར་བྱེད་པར་འབད་པ་བྱས་ཏེ། རྒྱུན་ཆད་མེད་པར་བྱེ་འགོག་བྱ་བ་ལེགས་པོ་སྒྲུབ་པ་དང་། སྤྱིའི་ཆ་ནས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་པས། བྱེ་འགོག་བྱ་བར་འཕེལ་རྒྱས་གསར་བ་བྱུང་།

བྱང་གསུམ་འགོག་སྲུང་ནགས་ཚལ་དང་རྨོ་འགོག་ནགས་སྐྱོང་སོགས་ནགས་ལས་གཙོ་གནད་བཟོ་འགོད་དང་རྒྱལ་ཡོངས་ཀྱི་བྱེ་འགོག་ཕྱོགས་བསྡུས་དཔེ་སྟོན་ཁུལ། རྒྱལ་ཁབ་བྱེ་འགྱུར་ས་གཞི་སྲུང་སྐྱོང་དཔེ་སྟོན་ཁུལ། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་སོགས་རྒྱལ་ཁབ་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། བྱེ་འགོག་ཐད་ཕན་འབྲས་ཐོབ་པར་མཐོར་འདེགས་བྱས། “ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་བསྡོམས་པས་ས་མུའུ་སྤྱི་ཆིང་ཁྲི37.13བྱེ་འགོག་ལེགས་འགྲུབ་བྱུང་བ་དང་མ་དངུལ་སྒོར་དུང་ཕྱུར7.56བཏང་། མཚོ་ལྷོ་ཁུལ་གྱི་གུང་ཧོ་དང་ཀོས་ནན། ཏུའུ་ལེན། ཧེ་ཡན་སོགས་རྫོང་དང་ན་གོར་མོ་གྲོང་ཁྱེར་གྱིས་བྱེ་འགོག་ཕྱོགས་བསྡུས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ལ་མ་དངུལ་སྒོར་ཁྲི1000བཏང་བ་དང་། ས་མུའུ་ཁྲི3.67བྱེ་འགོག་ནགས་སྐྲུན་ལེགས་འགྲུབ་བྱུང་།  ། 

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།