ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན། མཚོ་སྔོན་དམངས་ཁྲོད་ལོ་སར་དགོང་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཨ་ཆེན་གངས་རྒྱབ་རྒྱལ་སྤྱིའི་གསོལ་ཁང་དུ2015ལོའི་བྱ་དགའ་གནང་བའི་མཛད་སྒོ་བསྡུས།

མཚོ་སྔོན་གྱི་དམངས་ཁྲོད་ལོ་སར་དགོང་ཚོགས2011ལོ་ནས་སྤེལ་འགོ་བརྩམས་པ་ནས་ད་ལྟའི་བར་དུ་ལོ་ངོ་ལྔ་འགོར་ཡོད་པ་དང་། དམངས་ཁྲོད་ཀྱི་རིག་གནས་དར་སྤེལ་དང་སྤྱི་ཚོགས་ཀྱི་དྲང་བདེན་ཁྱབ་བསྒྲགས་བྱེད་པའི་བྱ་འགུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་འགའི་རིང་ལ་དམངས་ཁྲོད་ལོ་སར་དགོང་ཚོགས་ལས་ཏང་དང་སྲིད་གཞུང་ལ་བསྔགས་བརྗོད་བྱེད་པ་དང་རབ་མཛེས་མཚོ་སྔོན་ལ་བསྟོད་གླུ་ལེན་པ། མང་ཚོགས་ཀྱི་ལོ་སར་སྐབས་ཀྱི་རོལ་རྩེད་དང་སྨོན་འདུན་ཞུ་བར་ཁྱབ་བསྒྲགས་བྱེད་པ། མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ་སོགས་ལ་བསྟོད་གླུ་ལེན་བཞིན་ཡོད།

ལོ་ལྔའི་ནང་དུ། མཚོ་སྔོན་གྱི་དམངས་ཁྲོད་ལོ་སར་དགོང་ཚོགས་ལས་དམངས་ཁྲོད་དང་མི་རིགས། དམངས་སྲོལ་གྱི་རྩ་ཆེན་རིག་གནས་མང་པོ་སྔོག་འདོན་བྱས་ནས། མི་ཚང་མའི་གསལ་ཤེས་ཡོད་པའི་དམངས་ཁྲོད་ཀྱི་རིག་གནས་ལས་གྲུབ་པའི་ལེ་ཚན་ཞིག་ཚང་མའི་སྤྱན་ལམ་དུ་ཕུལ་བཞིན་ཡོད་པ་རེད།  ། 

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།