ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་མི་སྣས་ལོ་ལྔའི་རིང་འབད་བརྩོན་བྱས་པ་བརྒྱུད་ནས།གཞི་རྒྱ་ཆེས་ཆེ་ཞིང་། འཐུས་སྒོ་ཆ་ཚང་བའི་ཡུས་ཧྲུའུ་ནང་ཆེན་རྟ་ན་དགོན་གྱི་གེ་སར་རྒྱལ་པོའི་སྐུ་གདུང་མཆོད་རྟེན་བཟོ་སྐྲུན་དེ་ཞིག་གསོ་བྱས་ནས་ཡོངས་འགྲུབ་བྱས་ཤིང་། རྒྱལ་ཡོངས་ཀྱི་སྐབས་གཉིས་པའི་ཕུལ་བྱུང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བཅུའི་ཁྲོད་དུ་བདམས།

འཛམ་གླིང་སྟེང་ལོ་རྒྱུས་ཆེས་རིང་བའི་སྙན་རྩོམ་གེ་སར་རྒྱལ་པོའི་བརྗོད་བྱའི་མི་སྣ་སྟེ། གེ་སར་རྒྱལ་པོ་ནི་བོད་ཀྱི་དམངས་ཁྲོད་ངག་རྒྱུན་ཁྲོད་ཀྱི་དཔའ་བོ་ཞིག་ཡིན་ལ། བོད་ཀྱི་ས་ཆ་མང་ཤོས་ཤིག་ཏུ། གེ་སར་རྒྱལ་པོའི་འབག་དང་སྐུ་གདུང་མཆོད་རྟེན་སོགས་བཞེངས་ཡོད་ལ། ཡུས་ཧྲུའུ་ནང་ཆེན་རྟ་ན་དགོན་པ་ནི་དེའི་ཚོའི་ཁྲོད་ཀྱི་གཞི་རྒྱ་ཆེས་ཆེ་ཞིང་། འཐུས་སྒོ་ཆ་ཚང་ཡིན་པའི་དགོན་པ་ཞིག་ཡིན། རྟ་ན་དགོན་པར་བོད་སྐད་དུ་རྟ་ན་སེང་གེ་གནམ་རྫོང་ཞེས་འབོད་ལ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ཁོངས་ཀྱི་མཚོ་ངོས་ལས་མུས་སྟོང་བཞི་དང་ལྔ་བརྒྱའི་ཡན་གྱི་གནས་སུ་ཆགས་ཡོད། ནང་ཆེན་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། རྟ་ན་དགོན་པ་ནི་སྤྱི་ལོ་དུས་རབས་བདུན་པ་ནས་སྤྱི་ལོ་དུས་རབས་བཅུ་གཅིག་པའི་བར་དུ་ཕྱག་འདེབས་གནང་བའི་ལོ་རྒྱུས་གྱི་རྒྱུན་རིང་བའི་དགོན་པ་ཞིག་ཡིན་ལ། གནས་དེར་གེ་སར་རྒྱལ་པོའི་དཔའ་རྟུལ་སུམ་ཅུའི་སྐུ་གདུང་མཆོད་རྟེན་བཞེངས་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།